དབུ་ཤོག>ཞིང་འབྲོག་གསར་པ།
  • ནམ་ཡང་གནས་པའི་ལས་དོན་རུ་ཁག་གཅིག་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-21

    653286_yis_1565929292737.jpg

    འདི་ནི་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་ལྕགས་ཐག་གྲོང་ཚོའི་སྒྲིག་བཤེར་ཨུ་ཡོན་ཚེ་རིང་རྒྱ་མཚོས་གྲོང་ཚོ་ཨུ་ལྷན་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་པ།

    ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྤེལ་ཚུན། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་གཞི་རིམ་ཏང་འཛུགས་སྐྱོང་གྲོང་ཚོ་རིམ་པའི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱས་པ་དང་འབྲེལ། ལག་ལེན་ཤུགས་ཆེན་བསྟར་བ་དང་། དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་བདུན”ལ་དམིགས་པ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ། གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་པ། དྲང་ནུས་བརྒྱུད་སྤེལ་བྱེད་པ། ཕུགས་ལ་ཕན་པའི་ལས་དོན་སྒྲུབ་པ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་ཁྲིད་བྱེད་པ་བཅས་ཀྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ལ་ནམ་ཡང་གནས་པའི་ལས་དོན་རུ་ཁག་གཅིག་གསོ་སྐྱོང་བྱས་ཡོད།

    བྱ་བ་དངོས་སྒྲུབ་པ་ལས“ཟུར་གནས”ཤིག་མི་བྱེད་པ།

    རང་ལྗོངས་ཀྱི་མི་འབོར་མང་བའི་རྫོང་ཆེན་པོ་སྨར་ཁམས་རྫོང་ནི་བོད་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་པར་བརྟེན། ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོང་ཚོའི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། མང་ཚོགས་ཀྱི་གོམས་གཤིས་བཅས་འདྲ་གི་མེད་ལ། གྲོང་སྡོད་ལས་དོན་གྱི་འགོ་འཛུགས་ས་དང་། དོན་ལ་འབབ་ས། འཇུག་ས་བཅས་ལའང་ཁྱད་པར་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“ཞིང་ཆེན་གསུམ་དང་ཤང་བཅུ”ཡི་མཐའ་མཚམས་ཀྱི་ས་བབ་དང་དེ་བཞིན་རྒྱལ་ལམ་གཉིས་སྦྲེལ་ཡོད་པའི་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ཏེ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པར་བསམ་ཕྱོགས་གསེད་བཀྲོལ་བྱེད་རོགས་བྱས་པ་དང་། ཞིང་ལས་ཐོན་རྫས་ཉོ་མཁན་འཚོལ་རོགས་བྱས་པ། ཡུལ་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དག་མཐའ་མཚམས་ཚོང་དོན་དང་། དྲ་ཐོག་ཚོང་དོན། འགྲེམས་ཚོགས་ཁྱབ་གདལ་སོགས་བརྒྱུད་ཕྱིར་བཙོངས་པ། “ཁ་སྣོན་བཞི”དང་། “གསར་པ་ལྔ”“གཅིག་གྱུར་དྲུག”བཅས་ཀྱི“456”གི་ཁུལ་ཁོངས་མཉམ་ལས་ཀྱི་ཐོན་རྫས་མཁོ་སྤྲོད་དང་ཕྱིར་ཚོང་བྱེད་ཐབས་འཚོལ་ཞིབ་བྱས་ཡོད། མིག་སྔའི་བར་ཆེད་ལས་མཉམ་ལས་ཁང་87ཐོ་འགོད་བྱས་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“གྲོང་ཚོ་རེ་ལ་ཡིག་ཚགས་རེ”བཟོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་གི་འཕེལ་རིམ་རེའུ་མིག་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་གྱི“འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད”བཅས་ཀྱི་རྩིས་ཐོ། ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་བརྟག་དཔྱད་རེའུ་མིག་སོགས་རྨང་གཞིའི་རང་བཞིན་གྱི་ལས་ཀའི་སྙན་སེང་རེའུ་མིག་གསར་པ་བཟོས་ཏེ་གནད་དོན་གསལ་རྟོགས་དང་། གནས་ཚུལ་ཁ་གསལ། ཐག་གཅོད་ཏན་ཏིག་བྱས་ཡོད།

    རིག་གནས་ཆུ་ཚད་ལ་གཞིགས་ནས་སློབ་གསོ་གཏོང་བ་ལས“ལས་གཡོལ”ཞིག་མི་བྱེད་པ།

    སྨར་ཁམས་ཀྱི་གྲོང་ཚོ(སྡེ་ཁུལ)61གི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་460ཡི་རིག་གནས་ཆུ་ཚད་དང་འཇོན་ཐང་བྱང་ཚད་ཧ་ཅང་དོ་མི་སྙོམས་པའི་སྣང་ཚུལ་ཧ་ཅང་མངོན་གསལ་དོད་པོ་ཡོད། རང་སོ་སོའི་བྱང་ཆུབ་ས་བལྟོས་བཅས་ཀྱིས་ཁེར་རྐྱང་དང་ཆ་ཤས་ཙམ་དུ་གྱུར་པ་དེ“བརྒྱུད་རོགས་འཁྲིད་གསུམ”གྱི་ལས་དོན་སྤེལ་བའི་གཙོ་གནད་དང་དཀའ་གནད་དུ་གྱུར་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གི་ལས་དོན་རྩིས་སྤྲོད་རྩིས་ལེན་བྱས་རྗེས། སྔོན་ལ་གྲོང་ཚོའི་གནས་ཚུལ་མཐིལ་རྟོགས་བྱས་ཏེ། རྒྱ་སྐད་ཤོད་མ་ཤེས་པ་དང་། རིག་གནས་ཆུ་ཚད་དམའ་བ། ཕྱོགས་བསྡུས་བྱང་ཚད་ཞན་པ་བཅས་ཀྱི་ལས་བྱེད་པར། རྒྱ་ཡིག་གི་སྒྲ་སྦྱོར་དང་། ཡི་གེ་འབྲི་ཀློག ལས་རེས་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། རྨང་གཞིའི་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་སྤྱད་པས། ཉིན་བཞིན་ཡར་རྒྱས་ཆེན་པོ་ཕྱིན་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་ལས་དོན་སྤེལ་རིང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་དམན་ལ་ཞིབ་བཤེར་བྱས་ཤིང་། ཏང་ཡོན་ཚོར་ཕྱོགས་25ཡི་ཐད་ནས་ཞིབ་བཤེར་དང་ཏང་རྩ་འཛུགས་ལ་ཕྱོགས་30ཡི་ཐད་ནས་ཞིབ་བཤེར་བྱས་ཏེ། “ཏང་གི་སློབ་ཚན་ཆུང་ངུ”འཚོག་པ་ཏང་ཡོན་གྱི་རྒྱུན་གཏན་སློབ་གསོའི་གཞི་རྟེན་དུ་བྱས་ནས། དང་བླངས་ཞབས་ཞུའི་བྱེད་སྒོ་གལ་ཆེན་བརྒྱུད། ཏང་ཡོན་གྱི“ངེས་གནས་ཆུང་ངུ་བཞི”བཟོས་པ་དང་། ཏང་ཡོན་གྱིས“ཁས་ལེན་གསུམ་བྱས་ནས་ཐོབ་ཐང་མངོན་པའི”བྱེད་ཐབས་སྤྱད་དེ། ཞིང་འབྲོག་པའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་རེད།

    བབ་བསྟུན་སྣེ་ཁྲིད་བྱེད་པ་ལས“ཉོབ་ཏོ”ཞིག་མི་བྱེད་པ།

    ཉེ་བའི་ལོ་ཤས་རིང་། སྒར་ཐོག་གྲོང་རྡལ་ལྕགས་ཐག་གྲོང་ཚོས་གྲོང་སྡོད་ལས་དོན་རུ་ཁག་གི་རམ་འདེགས་འོག “རྩ་འཛུགས་ཤིག་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཤིག་འཕེལ་རྒྱས་གཏོང་བ། སྣེ་མང་ཅན་གྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་མཐུད་འཕེལ་རྒྱས་གཏོང་སྟངས་མངོན་འགྱུར་བྱེད་པ”བཅས་ཀྱི་འདུ་ཤེས་བཟུང་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་བཏང་ཡོད།

    ལྕགས་ཐག་གྲོང་ཚོའི་ཧྲུའུ་ཅི་དང་པོ་རྒྱ་མཚོས། “2016ལོར་གྲོང་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་བྱེ་རྡོ་ར་བ་བསྐྲུན་པ་དང་། 2018ལོ་བར་ལོར་ཁེ་གཙང་ཡོང་འབབ་སྒོར་ཁྲི་120.7ནས་སྒོར་ཁྲི་493བར་འཕར་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་12ལས་ཀར་བཅུག་པས། མི་རེར་ཆ་སྙོམས་གླ་ཆ་སྒོར་ཁྲི་3.4རག་ཡོད། འདི་ལོ་ད་ཡོད་ཀྱི་བྱེ་རྡོ་ར་བ་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། མ་དངུལ་སྒོར་ཁྲི་190བཏང་ནས་བྱེ་རྡོ་ར་བ་དང་། འདམ་བག་གཡོ་ས། ས་ཕག་བཟོ་གྲྭ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁོར་ཡུག་སྲུང་སྐྱོང་གི་ཁེ་ལས་བསྐྲུན་རྒྱུ་ཡིན་པ་དང་། བསྐྲུན་རྗེས་མི་40ལས་ཞུགས་ཐུབ་རྒྱུ་མ་ཟད། རྩལ་ནུས་གསོ་སྦྱོང་གི་སྤེལ་རེས་ལས་སྟེགས་འཛུགས་རྒྱུ་ཡིན་པས། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.5ཡན་ཟིན་རྒྱུ་རེད”ཅེས་གསར་འགོད་པར་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།