
ཉེ་ཆར། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་ཚོགས་ཆུང་གིས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་མེ་ལོང་གྲོང་ཚོར་བསྐྱོད་དེ། གནད་སྨིན་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད། ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་མང་ཚོགས་དབུལ་པོར་འཚམས་འདྲིའང་བྱས་པ་རེད། འཚམས་འདྲི་བྱེད་སྐབས་དུད་ཚང་དབུལ་པོར་དབུལ་སྒྲོལ་བྱེད་སེམས་ཆེ་རུ་གཏོང་དགོས་ལུགས་བརྗོད་པ་དང་། དབུལ་སྒྲོལ་གྱི་འཆར་གཞི་འདིང་རོགས། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་རོགས། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ། དུད་ཚང་དབུལ་པོའི་འཚོ་བ་དང་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་གང་ཐུབ་བྱས་ཤིང་། འདི་ནི་ལས་དོན་ཚོགས་ཆུང་དང་གྲོང་སྡོད་ལས་བྱེད་པས་ལོ་73ལ་སླེབས་པའི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་གྲས་འཇིགས་མེད་དཔལ་ལྡན་གྱི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།