ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང་རྩེ་བྱང་གྲོང་ཚོའི་རྒྱ་ཆེའི་གྲོང་མིས་བདེ་ཐང་དང་། ཤེས་དཔལ། གཙང་སྦྲ་དོད་པ་བཅས་ཀྱི་ཁྱིམ་ཚང་གི་འཚོ་བའི་འདུ་ཤེས་འཛུགས་པ་དང་། སྡོད་གནས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ལ་ཁྲིད་སྟོན་བྱ་ཆེད། ཉེ་ཆར། རྩེ་བྱང་གྲོང་ཚོར་བཅའ་སྡོད་ལྗོངས་དམངས་སྲིད་ཐིང་གི་ལས་དོན་རུ་ཁག་དང་། གྲོང་ཚོ“ཨུ་ལྷན་གཉིས” དུད་སྦྲེལ་འཐུས་མི་བཅས་ལས་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་དུད་ཚང་ཚང་མར་བསྐྱོད་ནས་ཁྱིམ་ཚང་གི་ཁོར་ཡུག་འཕྲོད་བསྟེན་ལ་ཞིབ་བཤེར་དང་དཔྱད་བསྡུར་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་དང་དཔྱད་བསྡུར་བརྒྱུད། མང་ཚོགས་ཚོས་ཁྱིམ་ཚང་གི་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་གཏོང་བའི་ཧུར་སེམས་དང་རང་འགུལ་རང་བཞིན་ལ་སྐུལ་ལྕག་ནུས་ལྡན་ཐེབས་པ་དང་། མི་ཚང་མ་ཧུར་ཐག་ཞུགས་པ་དང་དུད་ཚང་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་ཞིག་ཆགས་ཏེ་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པར་རྨང་གཞི་བཏིངས་པ་རེད།