དབུ་ཤོག>ཞིང་འབྲོག་གསར་པ།
  • ཉི་མ་རྫོང་གིས་ས་གནས་ས་ཐོག་གི་ཚོགས་འདུར་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-11

     ཉེ་ཆར། ཉི་མ་རྫོང་གིས་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཨ་ཟུར་ཤང་དུ་དབུལ་སྒྲོལ་ཞྭ་ཕུད་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་ཚོགས་ཆུང་དང་བཅས་པས་དང་ཐོག་ཨ་ཟུར་ཤང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་ལ་བལྟས་ནས་ཨ་ཟུར་ཤང་གི“ཤང་རེས་མཉམ་ལས་ཁང་རེ”འཕེལ་རྒྱས་སྟོབས་ཆེར་བཏང་བའི་སྔོན་ཐོན་ཉམས་མྱོང་ཤེས་རྟོགས་བྱས་པ་དང་འབྲེལ་དུད་ཚང་དུ་བསྐྱོད་ནས་མང་ཚོགས་བསམ་ཤེས་ཅན་གསོ་སྐྱོང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱས་ཡོད། དེ་རྗེས་ལས་དོན་ཚོགས་ཆུང་གིས་དབུལ་སྒྲོལ་ཞྭ་ཕུད་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་དང་ཚོགས་ཞུགས་མི་སྣས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཐད་ཀྱི་སྤྱི་འདོམས་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་སོགས་ཀྱི་གནད་དོན་ལ་སྤེལ་རེས་དང་གཏམ་བཤད་ཧུར་ཐག་བྱས་ནས་ཉམས་མྱོང་བཟང་པོ་དང་བྱ་ཐབས་ཡག་པོ་ཕན་ཚུན་སློབ་སྦྱོང་བྱས་པ་རེད། “ཐོན་ལས་ནི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་པའི་རྨང་གཞི་ཡིན། ཐོན་ལས་ཀྱི་འདེགས་སྐྱོར་མེད་ཚེ་དབུལ་སྒྲོལ་རྒྱུན་སྲིང་ངང་སྤེལ་མི་ཐུབ”ཅེས་ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཉི་མ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཅན་གྱིས་བརྗོད་ཅིང་། ཁོང་གིས“མིག་སྔར་ཤང་དང་གྲོང་རྡལ་གྱི་ཐོན་ལས་ཕན་འབྲས་གཅིག་པ་མིན་པ་དང་དབུལ་པོའི་སྣེ་ཁྲིད་དང་དབུལ་པོ་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་མེད་པས། གོམ་སྟབས་རྗེས་མར་ཐོན་ལས་འཕེལ་རྒྱས་ཐད་བྱ་ཐབས་མང་པོ་བསམ་བློ་གཏོང་བ་དང་ཐབས་ལམ་བཙལ་ནས་མང་ཚོགས་ཀྱི་སྣེ་འཁྲིད་དེ་འབབ་འཕར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།