དབུ་ཤོག>ཞིང་འབྲོག་གསར་པ།
  • དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གདོང་ཐོག་སྡེ་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-11

    དབྱར་གཞུང་དུ་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གདོང་ཐོག་སྡེ་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་བསྐྱོད་སྐབས་དྲོད་ཁང་ཆེ་མོ་སྟར་པ་བརྒྱ་ལྷག་ཙམ་གྲལ་སྟར་འགྲིག་པོས་གནས་ཤིང་། དྲོད་ཁང་ནང་ཀྲོ་མ་ཀྲུའུ་དང་། སུར་པན། ཧོང་ཀྭ རླམ་རྩྭ་ཕོ་སུལ། ཤིས་ཀྭ འབྲི་ཏ་ས་འཛིན་སོགས་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་སྐྱེ་ཚུལ་བཟང་བས། དེ་གར་སྔོ་ལྗང་རབ་ཏུ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག

    “ད་ཆ་ཕན་འབྲས་མངོན་གསལ་དོད་དུ་འགྲོ་ཡི་འདུག”ཅེས་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གདོང་ཐོག་སྡེ་ཁུལ་གྱིས་འདེམས་གཏོང་བྱས་པའི་ཧྲུའུ་ཅི་ཨང་དང་པོ་ཧྥུའུ་ཅིང་ཉིའུ་ཡིས་དྲོད་ཁང་ཆེ་མོ་དེ་དག་ལ་མཛུབ་མོ་འཛུགས་བཞིན་དུ་དེ་ལྟར་བརྗོད་པ་དང་། ཁོང་གིས“ཤར་གངས་ལའི་ཕུག་ལམ་ཏལ་འབིགས་ཐུབ་རྗེས་མི་སེར་གྱི་སྔོ་ཚལ་བྲིན་ཚོང་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་ནས་ཡོང་འབབ་མང་དུ་འགྲོ་རྒྱུ་དང་མི་སེར་གྱི་འཚོ་བའང་སྔར་ལས་ལེགས་སུ་འགྲོ་ངེས་རེད”ཅེས་དགའ་ཚོར་ཆེན་པོས་བརྗོད།

    དཔལ་འབར་རྫོང་ནི་ཆབ་མདོ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་གནས་ཤིང་། གཞུང་ལམ་ཉེན་ཁ་ཆེ་ལ་ཐག་རིང་བ་སོགས་ཀྱི་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་པས། “ཚལ་ཟ་དཀའ་བ་དང་ཚལ་གོང་མཐོ་བ”ནི་དཔལ་འབར་རྫོང་གི་མང་ཚོགས་ཀྱི་དཀའ་གནད་ཅིག་རེད། དཀའ་གནད་དེ་སེལ་ཆེད། དཔལ་འབར་རྫོང་གིས་ཕྱོགས་མང་བརྟག་ཞིབ་བྱས་པ་བརྒྱུད་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གདོང་ཐོག་སྡེ་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུའི་ཐག་བཅད།

    འདི་ལོ་ལོ་52ལ་སླེབས་པའི་རིག་འཛིན་སྒྲོལ་མར་དྲོད་ཁང་ཆེ་མོ་གཅིག་རག་པ་ནས་བཟུང་། ཉིན་ལྟར་རང་ཁྱིམ་གྱི་དྲོད་ཁང་ཆེ་མོའི་ནང་ཚལ་སྐྱེ་འཚར་ཇི་ལྟར་བྱུང་མིན་དང་གནོད་འབུའི་གནོད་འཚེ་ཕོག་ཡོད་མེད་སོགས་བལྟ་བར་བསྐྱོད་ནས་ལོ་གཅིག་ནང་སྔོ་ཚལ་ཐེངས་གསུམ་བསྡུ་ཐུབ་པ་བྱེད་ཀྱི་ཡོད། “ང་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། ཁྱིམ་དུ་ཚ་བོ་གསུམ་སློབ་གྲྭར་འགྲོ་བཞིན་ཡོད། ངལ་རྩོལ་ནུས་ཤུགས་མ་འདང་ཀྱང་སྲིད་གཞུང་ནས་རོགས་རམ་གནང་སྟེ་དྲོད་ཁང་ཆེ་མོ་བརྒྱབ་ནས་སྔོ་ཚལ་འདེབས་སུ་བཅུག་པས། ན་ནིང་ཡོང་འབབ་སྒོར་ཁྲི་གཅིག་དང་ལྔ་སྟོང་ཙམ་བྱུང་བས། ང་ཚོའི་ཁྱིམ་གྱི་འཚོ་བ་སྔོན་མ་ལས་ལེགས་སུ་ཤུགས་ཆེན་ཕྱིན་སོང”ཞེས་བརྗོད།

    གདོང་ཐོག་སྡེ་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིས“རྟེན་གཞི་དང་། ཚན་རྩལ་ཆེད་མངགས་པ། ཀྲི་པུའུ། ཞིང་དུད”བཅས་མཉམ་འབྲེལ་གྱི་བྱེད་སྟངས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་སྤྱད་དེ་ཁྲོམ་རར་སྔོ་ཚལ་དཀོན་པའི་དུས་ཚིགས་ལ་གཞིགས་ནས་སྔོ་ཚལ་ཧུར་ཐག་བཙོངས་པ་དང་། “གནམ་ལ་བརྟེན་ནས་ལྟོ་ཟ་བ”ནས“ལག་གཉིས་ལ་བརྟེན་པའི”བར་བསྒྱུར་ཏེ་མང་ཚོགས་རྣམས“ཚལ་ཟ་སྐབས་དངུལ་སྤྲོད་དགོས་པ”ནས“ཚལ་བཙོངས་ཏེ་དངུལ་གསོག་པའི”བར་འགྱུར་ལྡོག་ཡོང་བ་བྱས་ཡོད།

    ཚེ་གསུམ་ནི་གདོང་ཐོག་སྡེ་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པས། སྲིད་གཞུང་གིས་དྲོད་ཁང་ཆེ་མོ་ཞིག་ཁོ་པར་གཉེར་སྐྱོང་བྱེད་རྒྱུར་སྤྲད་པ་མ་ཟད། ཁོ་པ་གཞུང་ལམ་བདག་སྐྱོང་མཁན་གྱི་སྣོད་བཅུད་ལས་གནས་ཐོག་བཀོད་སྒྲིག་བྱས་པ་དང་དེའི་ཁར་ཡོང་འབབ་གཞན་དག་བསྣན་ན་ལོ་གཅིག་ལ་ཡོང་འབབ་ཧ་ལམ་སྒོར་ཁྲི་2ཙམ་ཡོང་གི་ཡོད་པ་རེད། “ངའི་ཁྱིམ་ལ་མི་བཞི་ཡོད་ཀྱང་། ངལ་རྩོལ་ནུས་ཤུགས་ལྡན་པ་ང་དང་བཟའ་ཟླ་ལས་མེད། ཏང་དང་སྲིད་གཞུང་གི་རོགས་རམ་འོག་ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག་པས། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

    “མིག་སྔར་རྟེན་གཞིའི་ནང་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་20ཙམ་བཏབ་ཡོད”ཅེས་ཧྥུའུ་ཅིང་ཉིའུ་ཡིས་དེ་ལྟར་བརྗོད་པ་དང་ཁོང་གིས“ཚན་རྩལ་ཆེད་མངགས་པ་ནང་སར་འདེབས་འཛུགས་དང་གསོ་ཚགས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་བཏང་སྟེ་ཁོང་ཚོས་སྦྱངས་པའི་ཤེས་བྱ་དང་རང་ཉིད་ཀྱི་དོན་དངོས་ཟུང་འབྲེལ་བྱས་ནས་གདོང་ཐོག་སྡེ་ཁུལ་གྱི་མང་ཚོགས་རྣམས་འདེབས་ཤེས་པ་དང་འདེབས་མཁས་པོ་ཆགས་པར་མཛུབ་ཁྲིད་བྱས་ཡོད། མིག་སྔར་སྔོ་ཚལ་དྲོད་ཁང་ཆེ་མོ་134ཡི་ལོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་160ལྷག་ཙམ་ཟིན་པས། མང་ཚོགས་ཚོ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་དང་། རང་ས་རང་ཡུལ་ནས་མི་བྲལ་བར་སྒོ་རྩ་ནས་ཕྱུག་འགྱུར་འབབ་འཕར་ཏན་ཏིག་བྱུང་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།