ན་ནིང་ཚུན་དུ་བོད་ལྗོངས་ཀྱིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”འཕེལ་རྒྱས་ཀྱི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་དམ་འཛིན་ཏན་ཏིག་དང་། རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་བདེན་དཔང་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ། བདེན་དཔང་གི་སྤྱིའི་ཆུ་ཚད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ལྗང་མདོག་ཞིང་ལས་ཐད་སྣེ་འདྲེན་ཁེ་ལས་100ལྷག་ཙམ་དང་། ཞིང་འབྲོག་པའི་མཉམ་ལས་ཁང་6000ལྷག་ཙམ། དེ་བཞིན་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་ཁྱད་ལྡན་ཐོན་ལས་ཕན་ཚུན་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐོན་ལས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད། འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་མང་ཚོགས་ཀྱིས་གནོད་མེད་སྟར་ཁ་འཐུ་བཞིན་པ།