དབུ་ཤོག>ཞིང་འབྲོག་གསར་པ།
  • བྱ་ཐབས་སྣ་མང་སྤྱད་དེ་ལྗང་མདོག་ཞིང་ལས་འཕེལ་རྒྱས་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་སྒྲོལ།   |     སྤེལ་དུས།  2019-07-31

    རང་ལྗོངས་ལ་ཆུ་དང་། ས་རྒྱུ། མཁའ་རླུང་། མི་ཆོས་ཁོར་ཡུག་བཅས“སྦགས་བཙོག་མེད་པ་བཞིའི”ས་མཐོའི་ཁྱད་ལྡན་གྱི་ལེགས་ཆ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དེ་བཞིན་སོ་ནམ་དང་འབྲོག་ལས་ཀྱི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཞིང་ཟོག་དང་འབྲོག་ཟོག་ཕུན་སུམ་ཚོགས་པས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་ཟོག་དང་། ལྗང་མདོག་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་ཟོག་བཅས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་འཕེལ་རྒྱས་གཏོང་བར་དམིགས་བསལ་གྱི་ལེགས་ཆ་ལྡན་ལ་ལྗང་མདོག་ཞིང་ལས་ཐོན་ཟོག་གི་རྟེན་གཞིར་གྱུར་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན། སྨྱུག་འཛིན་པས་རང་ལྗོངས་ཀྱི་ལྗང་མདོག་ཞིང་ལས་ཐོན་ཟོག་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་གཤམ་གསལ་གྱི་ཕྱོགས་ཁ་ཤས་ཐད་ནས་གཉེར་ཆོག་པའི་ངོས་འཛིན་བྱས་པ་སྟེ།

    ཐོག་མར་ཞིང་པའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་དགོས། སྲོལ་རྒྱུན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བའི་འདུ་ཤེས་རིམ་གྱིས་བསྒྱུར་ནས་ལྗང་མདོག་ཞིང་ལས་འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་འཛུགས་དགོས། ལྗང་མདོག་ཞིང་ལས་དར་སྤེལ་གཏོང་བའི་དྲིལ་བསྒྲགས་བྱ་རྒྱུ་ནི་ཞིང་ལས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཤིག་ཡིན་པ་དང་། ཞིང་ལས་གྲུབ་ཆ་ལེགས་སྒྲིག་མྱུར་དུ་གཏོང་བ་དང་ཁྲོམ་ར་ཅན་གྱི་ཞིང་ལས་དམིགས་ཚད་དུ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། ལྗང་མདོག་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་ཞིང་པས་རྫས་འགྱུར་ཞིང་ལས་དང“གནོད་ཡོད་ཞིང་ལས”ཀྱི་ཤུགས་རྐྱེན་ངན་པ་ཤེས་སུ་བཅུག་ནས་ལྗང་མདོག་ཞིང་ལས་ནི་འབྱུང་འགྱུར་གྲོང་གསེབ་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་དང་། ངལ་རྩོལ་ཡོང་འབབ་མང་དུ་གཏོང་བའི་གཞི་རྩའི་ཐབས་ལམ། འབྱུང་འགྱུར་ཞིང་ལས་ཀྱི་འཕེལ་ཕྱོགས་བཅས་ཡིན་པའི་ངོས་འཛིན་ཐུབ་པ་བྱེད་དགོས།

    གཉིས་ནས་ལྗང་མདོག་ཞིང་ལས་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ་རིམ་བཞིན་ཞིང་ལས་ཐོན་ལས་ཅན་མངོན་འགྱུར་ཡོང་བ་བྱེད་དགོས། གཞི་ཁྱོན་ཆུང་བ་དང་ཞིང་ལས་ཆུང་བའི་ཐོན་སྐྱེད་གཉེར་སྐྱོང་གི་བྱ་ཐབས་དོར་ནས་ཁེ་ལས་གཉེར་སྐྱོང་གི་བསམ་བློར་བརྟེན་ནས་ཞིང་ལས་ཐོན་ལས་ལ་འཆར་འགོད་བྱེད་པ་དང་། ཞིང་ལས་ཐོན་ཟོག་གི་ཐོན་སྐྱེད་དང་། ལས་སྣོན། སྐྱེལ་འདྲེན། ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་བསྡུ་སྒྲིལ་བྱས་ནས་འཐུས་སྒོ་ཚང་བའི་ལྗང་མདོག་གི་ཐོན་ཚོང་དོ་དམ་མ་ལག་ཅིག་ཆགས་པ་བྱེད་དགོས། ཞིང་ལས་འགན་བཅོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ལྗང་མདོག་ཞིང་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

    གསུམ་ནས་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་དགོས། མིག་སྔར་ལྗང་མདོག་ཐོན་ཟོག་རྒྱུ་སྤུས་ཡག་ཉེས་གཉིས་དང་། སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་མཐོ་པོ་མེད་པ། ཚོང་ཟོག་གི་ངོ་བོ་མི་ལེགས་པ་སོགས་ཀྱི་གནད་དོན་ལྡན་ཡོད། དེར་བརྟེན། རྒྱུ་སྤུས་དག་པ་དང་། སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་མཐོ་བ། ཚོང་ཟོག་གི་ངོ་བོ་ལེགས་པའི་ཐོན་རྫས་ཤིག་འཕྲལ་དུ་ཞིབ་འཇུག་གསར་སྤེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།