དབུ་ཤོག>ཞིང་འབྲོག་གསར་པ།
  • སྒེར་རྩེ་རྫོང་གིས་དྲོད་ཁང་ཆེ་མོར་བརྟེན་ནས་དམངས་ཀྱི་ཡོང་འབབ་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-31

    གྲོང་ཁྱེར་གྱི་འཛད་སྤྱོད་ཚོགས་པའི་སྤུས་ཚད་ཀྱི་དགོས་མཁོ་བསྐངས་ནས་སྔོན་ཐོན་ཞིང་ལས་ལག་རྩལ་མང་ཚོགས་དབུལ་པོའི་ཁྲོད་དེ་བས་མགྱོགས་པ་དང་དེ་བས་ཡག་པའི་སྒོ་ནས་ཁྱབ་གདལ་དང་བེད་སྤྱོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་། སྒེར་རྩེ་རྫོང་གིས་དྲོད་ཁང་གི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་བ་དང་། དྲོད་ཁང་ཆེ་མོའི་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་བ། ལྗང་མདོག་གི་ཞིང་འབྲོག་ལས་ཁྱབ་གདལ་བཏང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་ནུས་ལྡན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒེར་རྩེ་རྫོང་གིས་དྲོད་ཁང་ཆེ་མོའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་400བཏང་ནས་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་2385.20ཟིན་པའི་དྲོད་ཁང་ཆེ་མོ་4གསར་སྐྲུན་བྱས་པར་ཕྱི་རོལ་དུ་སྨི120ཟིན་པའི་ཆུ་ཡུར་བསྐྲུན་པ་དང་ནང་ལོགས་སུ་སྨི་100ཟིན་པའི་གློག་སྐུད་ཁྲིད་ཡོད། ད་དུང་ཉི་ནུས་ཀྱི་སྒོ་རའི་གློག་8དང་ཁེབས་དཀྲིས་འཕྲུལ་འཁོར་4ཉོས་ཡོད། རྣམ་གྲངས་དེ་ན་ནིང་གི་ཟླ་11པར་ལས་མཇུག་བསྒྲིལ་རྗེས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་གཉེར་སྐྱོང་དོ་དམ་གྱི་ཆ་རྐྱེན་ཚང་བའི་ས་གནས་དེ་གའི་དབུལ་སྐྱོར་ཁེ་ལས་དང་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་སྔོན་དུ་བསམ་བློ་བཏང་ནས་གཉེར་སྐྱོང་དོ་དམ་བྱེད་དུ་འཇུག་པའི་བླང་བྱ་གཞིར་བཟུང་འདི་ལོའི་ཟླ་5པར་སྒེར་རྩེ་རྫོང་རི་དམར་གྲོང་ཚོའི་མཉམ་ལས་ཁང་ལ་སྤྲད་པ་རེད།

    མིག་སྔར་རྣམ་གྲངས་དེ་རི་དམར་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་75ཡི་མི་305དང་འབྲེལ་མཐུད་བྱས་ནས་མང་ཚོགས་དབུལ་པོ་4ལས་ཞུགས་ཐུབ་ཡོད། རྣམ་གྲངས་ཁེ་ཕན་གྱི་འབྲེལ་མཐུད་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་རྣམ་གྲངས་དེ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དང་འབྲེལ་མཐུད་ནུས་ལྡན་བྱུང་བ་དང་། རྣམ་གྲངས་ཀྱི་ཁེ་བཟང་ནས་50%ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་བགོ་བཤའ་བརྒྱབ་པ་དང་10% མཉམ་ལས་ཁང་གི་འབྱུང་འགྱུར་གྱི་གཉེར་སྐྱོང་དོ་དམ་ལ་སྤྱད་པ། 30%མཉམ་ལས་ཁང་གི་འཁོར་རྒྱུག་མ་དངུལ་ལ་བཏང་བ། 10%རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ལ་སྤྲད་ཡོད་པ་རེད།

    “དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱས་ན་ཟླ་རེར་སྒོར་3000ལེན་རྒྱུ་ཡོད་པ་མ་ཟད། འདེབས་འཛུགས་ཀྱི་ལག་རྩལ་ཡང་སྦྱོང་ཐུབ། ད་དུང་དྲོད་ཁང་ཆེ་མོའི་ཁེ་བཟང་བགོ་བཤའ་རྒྱག་གི་ཡོད་པས་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་རེད”ཅེས་རི་དམར་གྲོང་ཚོའི་མང་ཚོགས་བཀྲ་ཤིས་ཟླ་བས་དགའ་ཚོར་ཆེན་པོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།