དབུ་ཤོག>ཞིང་འབྲོག་གསར་པ།
  • ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་རྒྱས་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-30

    “ཐང་གས་བརྒྱན་པའི་མགྲོན་ཁང”དང“ཐང་ག་ཆུས་གྲས”ཀྱི་ཐང་གའི་ཡུལ་སྐོར་དྲན་རྟེན་དངོས་རྫས་ལ་སོགས་ནི་བློ་བཟང་བསྟན་དར་གྱི་མི་ཚེའི་བགྲོད་ལམ་ཞིག་ཡིན་པ་དང་དེ་ནི“རི་མོ”ཞེས་པའི་ཡིག་འབྲུ་གཉིས་པོ་དང་འབྲེལ་བ་དམ་ཟབ་ཡོད།

    གལ་སྲིད་བློ་བཟང་བསྟན་དར་གྱིས་ལོ་བཅུ་གྲངས་འགའ་ཤས་ནང་སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་ལ་བློ་རྩེ་གཅིག་ཏུ་སྒྲིམ་ནས་འབད་བརྩོན་མ་བྱས་ན། ཁོང་ལ་ད་ཆའི་གྲུབ་འབྲས་དེ་ལྟ་བུ་ཐོབ་མི་སྲིད། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་ས་གཞི་ཆེན་པོའི་སྟེང་དུ་བཤམས་པའི་ཤུལ་བཞག་དེ་དག་ནི་དགེ་རྒན་བློ་བཟང་བསྟན་དར་གྱི་སྲོལ་རྒྱུན་གྱི་དཔེ་དེབ་ཅིག་རེད་ལ། ཁོང་གིས་གཉེར་བའི“ཐང་གས་བརྒྱན་པའི་མགྲོན་ཁང”གི་ལྟ་ན་སྡུག་ཤོས་ཀྱི་རྒྱན་ཆ་ཞིག་ལའང་གྱུར་ཡོད།

    སྲོལ་རྒྱུན་མེད་པའི་གསར་གཏོད་ནི་རྩ་བ་མེད་པའི་སྡོང་པོ་དང་ཆུ་འགོ་མེད་པའི་ཆུ་བོ་ཞིག་རེད།

    འོན་ཀྱང་སྲོལ་རྒྱུན་མཁྲེགས་བཟུང་དང་འགྱུར་ལྡོག་གཏོང་འདོད་མེད་པར་ཨུ་ཚུགས་ཁོ་ན་བྱ་ན་སྲོལ་རྒྱུན་རིག་གནས་དེ“ཐར་ས་མེད་པའི་སྲང་ལམ”དུ་གྱར་ངེས་རེད། བློ་བཟང་བསྟན་དར་གྱི་གསར་གཏོད་དང་འགྱུར་ལྡོག་དོན་གཉེར་བྱེད་པའི་སྙིང་སྟོབས་ལས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་ཡོད།

    མིག་སྔར། རང་ལྗོངས་ཀྱིས་སྲོལ་རྒྱུན་སྒྱུ་རྩལ་གསར་སྤེལ་ལ་དམིགས་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྣ་ཚོགས་ལྟ་བས་མི་ངོམ་པར་མེ་ཏོག་མཉམ་དུ་བཞད་པ་ལྟར་སྣང་། སྐབས་དེར“མངོན་འགྱུར་བ”ཚོས་སྲོལ་རྒྱུན་ལ་སློབ་སྦྱོང་དང་སྲོལ་རྒྱུན་ལ་གཞི་ཚུགས་པ་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་འཚོ་བཅུད་མྱོང་ལེན་བྱེད་དགོས། དེ་དང་ཆབས་ཅིག“དྲ་སྦྲེལ+”དང“རིག་གནས+”ཀྱི་འཕེལ་རྒྱས་འདུ་ཤེས་ལ་དམིགས་ནས། གྲངས་གཞི་ཆེ་མོ་དང་། རྟོག་བཟོ་དང་དོན་དངོས། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྲོལ་རྒྱུན་སྒྱུ་རྩལ་གསར་སྤེལ་ཁྲོད་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ཏེ་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་། གསར་གཏོད་ཀྱི་ཆུ་ཚད། ཟུར་སྣོན་རིན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་གསར་པར་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་རྒྱས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།