དབུ་ཤོག>ཞིང་འབྲོག་གསར་པ།
  • མི་རིགས་ཀྱི་ལག་ཤེས་བསླབས་ནས་ཡུལ་མི་ཚོ་ཕྱུག་པོ་ཆགས་པར་ཁྲིད་སྟོན་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-28

    བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་སྟོང་མཇུག་གྲོང་ཚོས་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ཁོར་ཡུག་ལ་བརྟེན་ནས་སྨྱུག་བསླས་ལག་རྩལ་མི་རབས་ནས་མི་རབས་ལ་བསླབ་སྲོལ་ཡོད།

    འོན་ཀྱང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་སྣ་མང་ཅན་དུ་གྱུར་པ་སོགས་ཀྱི་ཤུགས་རྐྱེན་འོག སྨྱུག་བསླས་ལ་གཞོལ་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། 2004ལོར་རྡོ་རྗེ་གྲགས་པས་གྲོང་ཚོའི་ལས་བྱེད་པའི་ལས་གནས་ནས་དགོངས་པ་ཞུས་རྗེས་སྨྱུག་བསླས་ཀྱི་སྒྱུ་རྩལ་ལ་བརྩོན་ཞིབ་དང་བཟོ་ལྟ་གསར་གཏོད་བྱས་ཤིང་། ཁོང་གིས་བསླས་པའི་སློ་མ་དང་། སླེལ་པོ་སོགས་ལ་མང་ཚོགས་དང་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད་པས་མཁོ་སྤྲོད་འདང་གི་མེད་པ་རེད།

    རྡོ་རྗེ་གྲགས་པས་གོ་སྐབས་བཟང་པོ་དང་བསྟུན་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་ཐུན་མོང་འབད་བརྩོན་འོག མིག་སྔར། ཉིང་ཁྲི་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་དང་ཀླུ་ནང་གྲོང་རྡལ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་36བཀོད་སྒྲིག་བྱས་ཏེ་སྨྱུག་བསླས་ལས་སྣོན་བཟོ་གྲྭ་འཛུགས་རྒྱུར་བཏང་བ་དང་། མིག་སྔར། འཛུགས་སྐྲུན་ས་ཆ་བདམས་ཚར་བ་དང་འགྲོ་ལུགས་གཉེར་བཞིན་ཡོད་ཅིང་སྨྱུག་བསླས་ལས་སྣོན་བཟོ་གྲྭ་བསྐྲུན་རྗེས་སྟོང་མཇུག་གྲོང་ཚོའི་དུད་ཚང་ཚང་མར་ཆ་སྙོམས་འབབ་འཕར་སྒོར་3000ཡན་ཡོང་རྒྱུ་རེད། ད་ཆ་རྡོ་རྗེ་གྲགས་པས་སློབ་མ་ཁྲིད་དེ་ཁྲོམ་རར་བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། བཟོ་ལྟ་དེ་བས་སྙིང་རྗེ་པོ་དང་མི་རྣམས་ཀྱིས་དགའ་པོ་བྱེད་པའི་སྨྱུག་བསླས་སྒྱུ་རྩལ་གྱི་ཐོན་རྫས་མང་པོ་བཟོ་བཞིན་ཡོད་པས་སྤུས་ཚད་དང་ཕྱིར་ཚོར་གཉིས་ཀ་འཕར་བའི་ལས་དོན་ཐད་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རྡོ་རྗེ་གྲགས་པས་སྨྱུག་བསླས་ཀྱི་ལག་ཤེས་སྒྱུ་རྩལ་ལ་བརྟེན་ནས་ཁྱིམ་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བསགས་པ་དང་། མང་ཚོགས་སྨྱུག་བསླས་ལག་ཤེས་སྒྱུ་རྩལ་ལས་སྣོན་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་མང་ཚོགས་ལ་ཆ་སྙོམས་ཡོང་འབབ་སྒོར་4000ཡན་རག་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།