དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་ཀྱི་ཐོན་ཁུངས་ལ་བརྟེན་ནས་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-28

    སྔར་ནས་ད་བར། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྒྱུར་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བ། གྲོང་གསེབ་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ཁག་ལ་དམ་པོར་དམིགས་པ་བཅས་བྱས་པས་གྲོང་གསེབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

    ཞིང་འབྲོག་ཁུལ་སྒྱུར་བཅོས་ཀྱི“དཔེ་དམག”

    མེ་འཁོར་མགྱོགས་པོ་གཏོང་ཐུབ་མིན་དེ་མེ་འཁོར་གྱི་མགོ་ལ་རག་ལུས་ཡོད། རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ནི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད། ལོ་བཞིའི་གོང་། འཆམ་གུག་གྲོང་ཚོ་ནི་འབྲོག་ཁུལ་གྱི་གྲོང་ཚོ་ཞིག་ཡིན་པས་འབྲོག་པའི་ཡོང་འབབ་ཀྱི་ཡོང་ཁུངས་སྣ་གཅིག་རང་ཡིན་པས་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཡོད། སྐབས་དེ་དུས་མངའ་རིས་ས་ཁུལ་གྱིས་འབྲོག་ཁུལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་བ་དང་། སྒེར་རྩེ་རྫོང་གིས་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ནག་ཆུའི་མཚོ་གཉིས་དང་དཔལ་མགོན་སོགས་ཀྱི་འབྲོག་ཁུལ་དུ་ལྟ་སྐོར་དུ་བསྐྱོད་པ་རེད། “དཔལ་མགོན་དང་མཚོ་གཉིས་ཀྱི་འགྱུར་ལྡོག་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཏེ་མང་ཚོགས་ཀྱི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱ་རྒྱུའི་ཐག་བཅད་པ་ཡིན”ཞེས་ཉི་མ་དོན་གྲུབ་ཀྱིས་བརྗོད།

    2015ལོའི་ལོ་མཇུག་ཏུ་འཆམ་གུག་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་དུད་ཚང་71གི་མང་ཚོགས་256དེའི་ནང་ཞུགས་པ་དེས་གྲོང་ཚོ་ཡོངས་ཀྱི་མི་གྲངས་ཀྱི་85%ཡན་བཟུང་ཡོད། 2017ལོར་འཆམ་གུག་གྲོང་ཚོས་འབྲོག་ལས་སྒྱུར་བཅོས་ལ་བློ་ཡིད་ཚིམ་པའི་ལན་ཞིག་བརྒྱབ་ཡོད་པ་སྟེ། གྲོང་ཚོ་ཡོངས་ནས་མཉམ་ལས་ཁང་ལ་ཞུགས་མཁན་འབྲོག་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.4ཙམ་ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་མི་ཧྲེང་རྒན་རྒོན་21ལ་མི་རེར་བགོ་འགྲེམས་སྒོར་4288རག་པ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་74ལ་མི་རེར་བགོ་འགྲེམས་སྒོར་1150རག་ཡོད། 2018ལོར་ཐོན་ལས་ཁག་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་339ལྷག་ཙམ་ཟིན་ཡོད། ཉི་མ་དོན་གྲུབ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྒྱུར་བཅོས་གདོང་ལེན་པའི”མཚན་སྙན་གནང་ནས་རང་ལྗོངས་ཀྱི་འབྲོག་ཁུལ་སྒྱུར་བཅོས་ཀྱི་དཔེ་དམག་ཏུ་གྱུར་ཡོད།

    བོད་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་རྩ་འཛུཌ་ཀྱི“ཐོབ་ཐང་ལག་ཁྱེར”ཨང་དང་པོ།

    2018ལོའི་ཟླ་11ཚེས་16ཉིན། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུཌ་སྒྱུར་བཅོས་ཚོད་ལྟའི་སྐུལ་འདེད་ཚོགས་འདུའི་ཐོག ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རེན་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་རྒྱལ་ཡོངས་ཀྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུཌ་ཀྱི་འཐུས་མི་10ལ་ལག་ཁྱེར་སྤྲད་པ་རེད། རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་ལྷག་སྒྲོན་གྱིས་བོད་ཀྱི་ཚབ་བྱས་ནས་རང་ལྗོངས་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུཌ་ཀྱི“ཐོབ་ཐང་ལག་ཁྱེར”ཨང་དང་པོ་དེ་བླངས་པ་རེད།

    2016ལོར་ཆུ་ཤུར་རྫོང་དེ་ཉིད་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟའི་ཚན་པ་དང་ཚལ་སྣེ་གྲོང་ཚོ་དེ་ཉིད་ཆུ་ཤུར་རྫོང་གི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཚོ་ཡིན་པ་རེད། སྒྱུར་བཅོས་ལས་དོན་སྤེལ་འགོ་ཚུགས་ཚུན། ཚལ་སྣེ་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་གོང་འོག་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་རྒྱུ་ནོར་གཙང་བཤེར་དང་། ཁོངས་མི་གཏན་འཁེལ། ཐོབ་ཆ་བགོས་པ། རྩ་འཛུགས་འཛུགས་པ། དབང་ཆ་སྤྲོད་པ། འཕེལ་རྒྱས་དོན་གཉེར་བཅས་བྱས་པ་བརྒྱུད་དུས་ཡུན་ལོ་གཅིག་ཀྱང་མི་འགོར་བར་གྲོང་ཚོ་ཧྲིལ་པོའི་གྲོང་ཚོ་རིམ་པ་1དང་ཚོགས་ཆུང་རིམ་པ་8བསྡོམས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དགུ་ཡི་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ནས་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་སྒོར་དུང་ཕྱུར་1.8གཙང་བཤེར་ཐུབ་པ་དང་། མཉམ་སྡེབ་ཁོངས་མི་2290གཏན་འཁེལ་བྱས་ཡོད། དེ་དང་དུས་མཚུངས་གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་གསར་སྤེལ་བེད་སྤྱོད་ཧུར་ཐག་བྱས་པར་ལོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་ཡོད།

    ཞིང་འབྲོག་ལས་སྔར་བས་སྟོབས་ཆེ་དང་། ཞིང་འབྲོག་པ་སྔར་བས་ཕྱུག་པོ། ཞིང་འབྲོག་ཁུལ་སྔར་བས་མཛེས་པོ་བཅས་ཡོང་བ་བྱས་པ།

    “གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྒྱུར་བཅོས་བྱེད་སྐབས་སྒུལ་ཤུགས་དང་། གསོན་ཤུགས། ཁེ་སྤོགས་བཅས་ལྡན་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་མ་ཟད། ‘1+6’གི་གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁུལ་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་བརྟན་པོ་གཏོང་བ་བཅས་ཀྱི་སྒོ་ནས་ཞིང་འབྲོག་ལས་སྔར་བས་སྟོབས་ཆེ་དང་། ཞིང་འབྲོག་པ་སྔར་བས་ཕྱུག་པོ། ཞིང་འབྲོག་ཁུལ་སྔར་བས་མཛེས་པོ་བཅས་ཡོང་བ་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    དངུལ་དངོས་གཙང་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུའི་ལས་དོན་ནི་2019ལོར་ངེས་པར་ལེགས་སྒྲུབ་བྱེད་དགོས་པའི་གྲོང་གསེབ་སྒྱུར་བཅོས་ཀྱི་ལྡོག་མེད་ལས་འགན་ཞིག་ཡིན་པ་དང་། ཟླ་བཅུ་པའི་ཟླ་མཇུག་གོང་དུ་རྫོང་དང་ཆུས་74ཡི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་དངུལ་དང་དངོས་པོ་གཙང་བཤེར་གྱི་ལས་དོན་གཞི་རྩའི་ཆར་ལེགས་སྒྲུབ་བྱ་རྒྱུ་རེད། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་དངུལ་དང་དངོས་པོ་གཙང་བཤེར་ལས་དོན་གྱི་འཕེལ་རིམ་གཞིར་བཟུང་། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར(མ་རྐང)མཉམ་ལས་ཁང་འཛུཌ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།