འདི་ལོ་ལོ་60ལ་སླེབས་པའི་རྡོ་བསྟན་གྱི་ཅུང་ཟད་ནག་པའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད། “མ་གཞི་མི་གཞན་དང་བསྡུར་ཐབས་མེད་རུང་དེ་སྔོན་དང་བསྡུར་ན་ད་ཆའི་འཚོ་བར་ང་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་རྡོ་བསྟན་གྱིས་བཤད།
བཟའ་ཟླ་དང་བུ་རིན་ཆེན་ནོར་བུ་ཡུན་རིང་ནད་ཀྱིས་མནར་བས་ལས་ཀ་མང་པོ་བྱེད་ཐབས་མེད་པར་བརྟེན་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ལ། ས་ཞིང་མུའུ་12.5ཁོ་ནར་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་དགོས་བྱུང་། 2015ལོའི་ལོ་མཇུག་ཏུ་གསུམ་འཕྲེང་ཤང་གིས“ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི”དབང་གིས་ཁྱིམ་ཚང་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་ཡོད།
2017ལོའི་ལོ་མཇུག་ཏུ་རྡོ་བསྟན་གྱི་བཟའ་ཟླའི་ནད་གཞི་ཅུང་དྲག་སྐྱེད་བྱུང་རྗེས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བར་བྱེད་ཆེད། སླད་ཕྱིན་གྱི་མི་ཚེའི་ལམ་བུར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་གནས་ལས་གྲོལ་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད། རྡོ་བསྟན་གྱིས་ས་གནས་དེ་གའི་འདེབས་འཛུགས་དུད་ཆེན་དང་དཀའ་སྤྱད་ལས་བརྩོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པར་ནས་འདེབས་པའི་ཉམས་མྱོང་སློབ་སྦྱོང་དང་སྤེལ་རེས་ཧུར་ཐག་བྱས་ཏེ། ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་མཁན་གྱི་ས་ནས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་སྦྱངས་པ་བརྒྱུད་ནས་ཀྱི་ཐོན་འབབ་མཐོ་རུ་ཧུར་ཐག་བཏང་ནས་རང་ཁྱིམ་གྱི་ས་ཞིང་ལ་འབྲས་བཟང་སྨིན་པར་བྱས་ཡོད།
མིག་སྔར་རྡོ་བསྟན་གྱི་བུ་མོ་གཉིས་པོ་ཇ་ཁང་ནང་དུ་ཞབས་ཞུ་མ་བྱེད་བཞིན་ཡོད་པ་དང་། གྲིབ་སྐྱོན་ཕོག་པའི་བུའི་ནད་གཞི་དྲག་སྐྱེད་བྱུང་ནས་ལྷ་སར་གློག་ཆས་ཉམས་བཟོ་བྱེད་སྟངས་སྦྱོང་བཞིན་ཡོད། ད་ཆ་ཁྱིམ་ཚང་དེའི་ཡོང་འབབ་དབུལ་སྒྲོལ་གྱི་ཚད་གཞི་ལས་ཡོངས་སུ་བརྒལ་ནས་རྡོ་བསྟན་གྱིས་ན་ནིང་ཤང་སྲིད་གཞུང་ལ་དབུལ་སྒྲོལ་གྱི་ཞུ་ཡིག་ཕུལ་ཡོད།