འདི་ལོ་ནས་བཟུང་། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད་པས་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
ཇའི་ཐོན་ལས་རིམ་གྱིས་འཕེལ་རྒྱས་བྱུང་ནས་ཐོན་ལས་དུད་ཚང་བར་མངོན་འགྱུར་བྱུང་བ། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དུ་མིག་སྔར་ཇ་ལོའི་རྟེན་གཞི་7ཡོད་པར། ཁྱོན་མུའུ་1729ཟིན་པ་དེ་གྲོང་རྡལ་དེའི་སྲིད་འཛིན་གྲོང་ཚོ་5ལ་ཁྱབ་པ་དང་ཇ་ཞིང་དུད་ཚང་ལ་བགོས་པས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་79ཇ་ལོ་འདེབས་འཛུགས་ནང་ཞུགས་ཡོད།
“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”འཕེལ་རྒྱས་ཉིན་བཞིན་ལེགས་སུ་ཕྱིན་པ། ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་གྲོང་རྡལ་དེའི་གྲོང་ཚོ་ཁག་གིས་ཡུལ་བབ་དང་བསྟུན་ནས་ཤིང་ཏོག་ཡིའུ་ཙེ་དང་། འབྲས་ཞིང་དལ་བའི་དུས་སུ་སྔོ་ཚལ་གསབ་འདེབས། ཡུལ་སྐོར་ཞག་སྡོད། ཁྱད་ལྡན་བཟའ་འཐུང་སོགས་ཐོན་ལས་རྣམ་གྲངས་འཕེལ་རྒྱས་བཏང་བས། གྲོང་ཚོ་ཁག་གི་དཔལ་འབྱོར་གྱི་ཡོང་འབབ་ཀྱི་འཕར་སྣེ་གཞན་ཞིག་ཏུ་གྱུར་ཡོད།