ཟླ་བཞི་པའི་སྤོ་བོའི་ཕྱོགས་ཀུན་ཏུ་རྩྭ་རྩི་ཤིང་ཡོངས་སུ་རྒྱས་ནའང་སྔ་དགོང་དུ་སྔར་བཞིན་གྲང་ངར་ཅུང་ཙམ་ལྡན། ཁྲབ་རྨོག་གྲོང་རྡལ་དང་རྒྱང་ཐག་མི་རིང་བའི་ཉག་སྣ་གྲོང་ཚོར་སྐྱོད་དུས། མི་ཁག་གཅིག་གིས་ཞོག་ཁོག་དང་ཞིང་ནང་སྐྱེ་དངོས་གཞན་དག་འདེབས་པའི་ལས་ལ་བྲེལ་བཞིན་འདུག
འདེབས་ཁྱོན་ཆེ་ཞིང་ཉེན་ཁ་ཆུང་དུ་གཏོང་བ་དང་འབྲེལ་གྲོང་མིའི་ཡོང་འབབ་མང་དུ་གཏོང་ཆེད། ཉག་སྣ་གྲོང་ཚོའི“གྲོང་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་གྲོང་མིའི་ཚོགས་ཆེན་འཚོགས་ཏེ་དུད་ཚང་35ཡི་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་དྲོད་ཁང་དུ་སྔོ་ཚལ་དང་ཞོག་ཁོག་འདེབས་པའི་མཉམ་སྡེབ་ཐོན་ལས་རྣམ་གྲངས་ཀྱི་མ་རྩ་དང་ངལ་ནུས་གྲབས་གསོག་གི་འབྲེལ་ཡོད་དོན་དག་ལ་གྲོས་བསྡུར་བྱས་པ་དང་། གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་ནས་ཚོད་འདེབས་བྱས་པ་རེད།
2018ལོར་ཉག་སྣ་གྲོང་ཚོས་དྲོད་ཁང་དུ་སྔོ་ཚལ་དང་ཞོག་ཁོག་བཏབ་ནས་ལོའི་ཡོང་འབབ་སྒོར་ཁྲི་6ལྷག་རག་ཡོད་པ་རེད། ད་ལོར་ཐོན་ལས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་ཆེད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཞིབ་འཇུག་བྱས་ཏེ་མཉམ་ལས་ཁང་འཛུགས་པའི་ཐག་བཅད་པ་དང་། འདེམས་ཁྱོན(སྔོ་ཚལ་ཁང་སྲུང་སྐྱོང་དང་མུའུ་4མང་དུ་བཏང་ནས་ཞོག་ཁོག་བཏབ་པ)ཆེ་རུ་འོས་འཚམ་བཏང་ཁར“གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དང་མང་ཚོགས་མཉམ་ཞུགས”ཀྱི་ཐོན་ལས་དོ་དམ་བྱེད་སྟངས་ལྟར་གྲོང་མིས་རང་མོས་ངང་མ་རྐང་ལ་ཞུཌ་པ་དང་། ཁེ་ཕན་མཉམ་སྤྱོད་དང་། ཉེན་ཁ་མཉམ་འཁུར། མ་རྐང་ལྟར་ཁེ་བཟང་བགོ་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་ཚོའི་དུད་ཚང་35ཡོངས་ཀྱིས་མ་རྩ་དང་ངལ་ནུས་གྲབས་གསོག་གི་ཚད་གཞི་ལྟར། དུད་ཁྱིམ་རེ་ནས་མ་རྐང་སྒོར་300དང་ངལ་རྩོལ་པ་2ཞུགས་རྒྱུར་བརྡས་ཐག་བཅད་ནས་མོས་མཐུན་བྱུང་ཞིང་། རྐང་ཞུཌ་མ་དངུལ་དག་རྫས་ལུད་དང་དྲོད་ཁང་གི་ཁེབས་ཉོ་བར་སྤྱད་ནས་འདེབས་ཁྱོན་ཆེ་རུ་བཏང་བ་རེད། མཐར་2019ལོར་དྲོད་ཁང་དུ་སྔོ་ཚལ་དང་ཞོག་ཁོག་འདེབས་པའི་མཉམ་སྡེབ་ཐོན་ལས་རྣམ་གྲངས་ཀྱི་མ་རྐང་ལ་དུད་ཚང་30ཞུགས་པ་དང་འབྲེལ། དུད་ཚང་རེ་རེར་མཉམ་སྡེབ་ཐོན་ལས་ཀྱི་མ་རྩ་དང་ངལ་རྩོལ་གྱི་གྲོས་མཐུན་ཡི་གེ་བཞག་ལ། དུད་ཚང་རེ་རེའི་རྐང་ཞུགས་མ་དངུལ་སྒོར་300དང་ཁྱོན་སྒོར་9000ཟིན་ཁར། དེར་ཞུགས་པའི་ངལ་རྩོལ་པ་ཁྱོན་60ཟིན་ཞིང་། ད་ཆ་རྣམ་གྲངས་དེར་བརྟེན་ནས་དུད་ཁྱིམ་རེ་རེར་འབབ་འཕར་བྱུང་བ་རེད།