ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་རྒྱལ་པོ་ནི་ས་གནས་དེ་གའི་མི་ཚང་མས་ངོ་ཤེས་ཤིང་། ཁོང་གི་སྐོར་གླེང་སྐབས་ཡུལ་མི་ཚང་མས་རྟག་ཏུ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།
རྒྱལ་པོ་ནི་གནད་དོན་ཤེས་རྟོགས་ལ་འཇོན་པའི་མི་ཞིག་ཡིན་ཞིང་། 2008ལོར་གླ་པ་ཡིན་པའི་རྒྱལ་པོས་ཉེ་འཁོར་གྱི་ལས་རོགས་ཚོས་རང་ཉིད་དང་ལས་ཀ་གཅིག་པ་བྱས་ཤིང་དཀའ་བ་འདྲ་མཚུངས་སྤྱད་ནའང་ཡོང་འབབ་ལ་ཧེ་བག་ཆེ་བ་མ་ཟད། ལ་ལར་ལོ་མཇུག་ཏུ་སླེབས་ནའང་ངལ་རྩོལ་ཐོབ་ཆ་རག་མེད་པ་སོགས་མཐོང་བས། ཕ་ཡུལ་གཅིག་པའི་གཞོན་ནུ་བདུན་སྐུལ་སློང་བྱས་ཏེ། མཉམ་དུ་ཨར་ལས་རུ་ཁག་གཅིག་བཙུགས། རྒྱལ་པོས་ཉིན་མཚན་མེད་པར་ལས་གྲྭའི་ཆེད་དུ་ག་ས་གང་དུ་བསྐྱོད་པ་དང་ཆབས་ཅིག དེ་སྔོན་གླ་པར་སྐྱོད་སྐབས་བཙུཌ་པའི་འབྲེལ་བར་བརྟེན་ནས་རིམ་བཞིན་ལས་གྲྭ་མང་པོ་རག་པ་དང་། ཁ་དན་ཚིག་ལ་གནས་ཤིང་ལས་ཀའི་སྤུས་ཚད་མཐོ་བས། དུས་ཡུན་རིང་བོ་མ་ཕྱིན་པར་ཁོང་གི་ཨར་ལས་རུ་ཁག་གང་སར་སྐད་གྲགས་ཆོད་པ་རེད།
ཕྱུག་པོ་ཆགས་རྗེས་རྒྱལ་པོས་ཕ་ཡུལ་གྱི་ཡུལ་མི་དབུལ་པོ་ཚོ་བརྗེད་མེད་ལ། ཁོ་པའི་ཨར་ལས་རུ་ཁག་གི་ཁོངས་མི་ཚང་མ་ནི་གླང་པ་གྲོང་ཚོའི་ཡུལ་མི་རེད། དེའི་ནང་མི་གཉིས་ནི་རྒྱལ་པོ་རང་གིས་སྒོ་རྩར་བསྐྱོད་ནས་སྐོང་བསྡུ་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་པོའི་ཨར་ལས་རུ་ཁག་གི་ལས་མི་རེ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ཡས་མས་ཟིན་གྱི་ཡོད།