དབུ་ཤོག>ཞིང་འབྲོག་གསར་པ།
  • རི་འདབས་ཡུལ་སྐོར་འཁྲུག་ཆ་དོད། མང་ཚོགས་ཡོང་འབབ་ཨ་མ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-21

    ཚེ་རིང་སྐལ་ལྡན་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་པ་གསུམ་གྲོང་ཚོའི་ཇོ་མོ་གླང་མའི་གཡག་མགོ་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཞག་སྡོད་དང་བཟའ་བཏུང་། དེ་བཞིན་རྣམ་གྲངས་གཞན་དག་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་གྱི་ཡོད།

    བཀྲ་ཤིས་འཛོམས་ཤང་པ་གསུམ་གྲོང་ཚོ་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་ནུབ་རྒྱུད་ས་ཁུལ་དུ་ཆགས་པ་དང་། ལོ་ལྟར་ཡུལ་སྐོར་ལྟ་རོལ་དང་། རི་འཛེག་མྱུལ་དཔྱད། ཚན་རིག་རྟོག་ཞིབ་བཅས་ཀྱི་དཔུང་ཁག་མང་པོ་འདི་ནས་འགྲོ་བས་ས་བབ་ཧ་ཅང་བཟང་ལ། ཡུལ་སྐོར་བར་ཞག་སྡོད་དང་བཟའ་བཏུང་སོགས་ཀྱི་སྟབས་བདེའི་ཞབས་འདེགས་ཞུ་བའང་དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་ཞེས་པའི་དཔེ་ལྟར་བྱུང་ཡོད། “དང་ཐོག་མར་ངའི་ཕ་ཡུལ་དུ་ཁྱིམ་ཚང་མགྲོན་ཁང་འདྲ་ཆགས་པོ་ཞིག་མེད་པས། ཡུལ་སྐོར་བ་མང་ཆེ་བས་ང་ཚོ་འབྲོག་ཁྱིམ་དུ་སྡོད་ཀྱི་ཡོད། རྒྱལ་ཁབ་ཕྱི་ནང་དུ་ཡུལ་སྐོར་བའི་མི་གྲངས་མང་དུ་ཕྱིན་པ་དང་སྦྲགས་ངའི་ཁྱིམ་ནས་ལོ་མང་བསགས་པའི་དངུལ་དང་དངུལ་བུན་གཡར་ནས་འགྲུལ་ཁང་བརྒྱབ་སྟེ་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི་3ཙམ་ལ་སྣེ་ལེན་ཞུས་ཡོད” ལོ་འགའ་ཤས་རིང་ལས་གཉེར་བྱས་རྗེས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ཚེ་རིང་སྐལ་ལྡན་གྱིས་ཡུལ་སྐོར་བར་ཞབས་ཞུ་དེ་བས་ལེགས་པོ་ཞུ་ཆེད་དང་ཡུལ་སྐོར་བའི་དགོས་མཁོ་སྐོང་ཆེད། སྔར་ཡོད་ཀྱི་འགྲུལ་ཁང་ལ་ཉམས་གསོ་དང་རྒྱས་སྐྲུན་བྱས་ཏེ་ཉལ་ཁྲི་དང་མལ་ཆས་ལེགས་པར་བརྗེས་པ་དང་། རྨང་གཞིའི་སྒྲིག་བཀོད་གཞན་དག་ལའང་སྒྱུར་བཀོད་བྱས་ཏེ་ཇོ་མོ་གླང་མའི་གཡག་མགོ་ཁྱིམ་ཚང་མགྲོན་ཁང་ཞེས་མིང་བཏགས།

    ལས་གཉེར་གྱི་སྐོར་གླེང་སྐབས། ཚེ་རིང་སྐལ་ལྡན་ལ་ཉམས་མྱོང་རྒན་པོའི་འབེལ་གཏམ་ལྟར་བརྗོད་ཀྱིས་མི་ལང་ལ། ཁོང་གིས“ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་གི་ཞིབ་དཔྱད་ཚད་གཞིར་ངེས་པར་དུ་བརྩི་སྲུང་ནན་པོ་ཞུ་དགོས། ཁང་པའི་ཁོར་ཡུག་དང་། ཟ་ཁང་གི་གཙང་སྦྲ། བཟའ་བཏུང་ཞབས་འདེགས་སོགས་ལ་བླང་བྱ་ནན་པོ་འདོན་པ་དང་། ཉིན་ལྟར་གྱི་སྔ་དགོང་ཉིན་གསུམ་དུ་ཁང་པར་གཙང་སྦྲ་བྱས་ཏེ་ཡུལ་སྐོར་བ་སྡོད་སྐབས་གཙང་སྦྲ་ལྡན་པ་དང་བཟའ་བཅར་བདེ་འཇགས་ལྡན་པར་བྱེད་པ་མ་ཟད། ང་ཚོས་ད་དུང་ཡུལ་སྐོར་བའི་བཟའ་བཏུང་གི་དམིགས་བསལ་རེ་བ་གཞིར་བཟུང་ནུབ་ཟས་སྟབས་བདེ་དང་ནེ་པ་ལའི་བཟའ་བཅའ་ཡང་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བཤད།

    སེམས་རྩ་འཁོལ་བའི་ཞབས་འདེགས་ལ་རྟག་ཏུ་བསྔཌ་བརྗོད་ཐོབ་ཅིང་། “ང་ཡུལ་སྐོར་བ་མང་པོ་དང་གྲོགས་པོ་ཆགས་བྱུང་། ཁོང་ཚོའི་ཕ་ཡུལ་གྱི་གནས་ཚུལ་སྐོར་འདྲི་བ་དང་། བོད་དང་ཇོ་མོ་གླང་མར་སླེབས་པའི་མྱོང་ཚོར་སྐོར་གླེང་བས་མ་ཚད་མི་ཚེའི་སྐོར་ཡང་གླེང་གི་ཡོད”ཅེས་ཚེ་རིང་སྐལ་ལྡན་གྱིས་བཤད་ཅིང་། མིག་སྔའི་བར། ཁོང་ནང་སར་ཐེངས་འགའ་ཤས་སྐྱོད་མྱོང་ཡོད། ཡུལ་སྐོར་ལ་འགྲོ་སྐབས་ཁོང་ལ་བག་ཆཌ་ཟབ་ཤོས་ནི་ལག་གདུབ་དང་། རུས་རྒྱན། དངུལ་རྒྱན་སོགས་ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་རྫས་རེད། དེ་བས་ཚེ་རིང་སྐལ་ལྡན་གྱིས་གྲོང་ཚོའི་དུད་ཚང་དབུལ་པོ་དང་གན་རྒྱ་བཞག་སྟེ་ཁོ་ཚོས་བཏཌ་པའི་པང་གདན་དང་སྟོད་ལྷེ་སོགས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་བྲིན་ཚོང་ས་ཚིགས་སུ་འཚོང་བར་འཁྱེར་གྱི་ཡོད། དེ་ལྟར་ཡུལ་སྐོར་བས་ཡུལ་དེ་གའི་ཡུལ་སྐོར་ཐོན་རྫས་ཉོ་འདོད་པའི་དགོས་མཁོ་སྐོང་བ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཡོང་འབབ་ཀྱང་གཏོད་རོགས་བྱས་པས་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་གཉིས་ཕན་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།