2013ལོར་ཀུང་སི་བཙུགས་ཚུན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་འཇམ་དབྱངས་གླིང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སིས་ས་གནས་དེ་གའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་དང་། དུད་ཚང་དབུལ་པོ་སོགས་ཀྱི་མི་130ལས་ཞུགས་ལ་བསྡུས་པ་དང་དུད་ཚང་དབུལ་པོའི་བུ་ཕྲུག་28ལ་སློབ་ཞུགས་ལ་རོགས་དངུལ་སྤྲད་ཡོད། ཀུང་སིས“རྒྱུན་འཛིན་དང་། གསར་གཏོད། དངོས་སྒྲུབ”བཅས་ཀྱི་གཉེར་སྐྱོང་འདུ་ཤེས་ལ་བརྟེན་ནས་ཁྱད་ལྡན་གྱི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་པའི་ནང་ཤིང་བརྐོས་ཐང་ག་དང་སྤོས་སོགས་ཡོད་པར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོ་ཁྲི་270བྱུང་ཞིང་། འདི་ནི་ཀུང་སིའི་ལས་དོན་པས་ཅོག་ཙེ་བཟོ་བཞིན་ཡོད་པ།