དབུ་ཤོག>ཞིང་འབྲོག་གསར་པ།
  • སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-19

    གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་ནི་གྲོང་ཁྱེར་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཁོར་ཡུག་ཉིན་རེ་བཞིན་མཛེས་སུ་ཕྱིན་པ་དང་། ཐོན་ལས་འཕེལ་རྒྱས་རིམ་བཞིན་ལེགས་སུ་ཕྱིན་པ་དང་། ཡུལ་སྐོར་བ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད་པ་རེད།

    གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་སྣོད་བཅུད་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་ལམ་བུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་ནས་འགོ་བརྩམས་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་ལ་བཅོས་སྒྲིག་ཤུགས་ཆེན་བྱས་ནས“མཛེས་སྡུག་ལྡན་པའི་གནས་ཡུལ”བཏོད་པ་དང་། གནས་ཡུལ་ལྷོ་པ་མི་རིགས་ཤང་གི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་ལ་རྨང་གཞི་བརྟན་པོ་བཏིངས་པ་རེད།

    ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་གྱིས་ཕྱུག་འགྱུར་གོམ་སྟབས་མགྱོགས་སུ་བཏང་བ།

    གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་ཁྱད་ལྡན་ཐོན་ལས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག ཐོན་ཁུངས་ལེགས་ཆ་གསར་སྤེལ་ལ་གཞི་ཚུགས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས། སྨན་རྩྭ་འདེབས་འཛུགས་དང་གཉེར་སྐྱོང་གི་རྨང་གཞིའི་ཐོག བོད་ལྗོངས་སྐྱེ་དངོས་ཚད་ཡོད་འགན་འཁྲི་ཀུང་སི་དང་གན་རྒྱ་བཞག་སྟེ། གནས་ཡུལ་གྱི་ས་ཞིང་མུའུ་409བོགས་མར་བཏང་ནས་སྨན་རྩྭ“ཀོ་ཤ་དཀར་པོ”འདེབས་འཛུགས་ལ་ཤུགས་སྣོན་བརྒྱབ་པ་རེད། ས་ཞིང་བོགས་མར་བཏང་བས་གནས་ཡུལ་གྲོང་ཚོར་ལོ་རེར་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་33ལྷག་ཙམ་རག་གི་ཡོད་ཅིང་ས་ཞིང་བོགས་མའི་དུས་ཡུན་ནི་ལོ་30རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་ཆེར་བཏང་བ་དང་ཆབས་ཅིག གནས་ཡུལ་གྲོང་ཚོ་དང་དེ་བཞིན་དེའི་ཉེ་འཁོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་འདེབས་འཛུགས་ལ་ཞུགས་སུ་བཅུག་ཡོད་པ་རེད།

    ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་གྱིས་སྣོད་བཅུད་མཛེས་ཤོས་བཏོད་པ།

    གནས་ཡུལ་རོང་ནི་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ས་ཁོངས་སུ་གནས་པ་དང་། “ཀྲུང་གོའི་ལྗང་མདོག་རྩེ་རིམ་ནགས་ཚལ”དུ་འབོད། གནས་ཡུལ་རོང་པའི་མཛེས་ལྗོངས་ཁུལ་ནི་ལྷོ་པ་མི་རིགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་པ་མ་ཟད། སྣོད་བཅུད་མཛེས་ལྗོངས་ཁུལ་ཞིག་ཀྱང་རེད། གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་རྨང་གཞིའི་རང་བཞིན་གྱི་ལས་ཀར་བརྩིས་ནས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་པ་རེད། གྲོང་གསེབ་ཀྱི་གད་སྙིགས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ་དང་། “དུད་ཁྱིམ་གྱིས་གཙང་སྦྲ་བྱེད་པ་དང་། གྲོང་ཚོས་གད་སྙིགས་བསྡུ་བ། ཤང་གིས་དབོར་བ། རྫོང་གིས་ཐག་གཅོད་བྱེད་པ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་རྒྱ་ཆེར་སྤེལ་ཞིང་གནས་ཡུལ་རོང་པའི་མཛེས་ལྗོངས་ཁུལ་དང་། ཤང་དང་གྲོང་ཚོའི་ཉེ་འཁོར་དུ་བཅོས་སྒྲིག་བྱེད་པ་གཙོ་གནད་དུ་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལག་ལེན་བསྟར་བས་སྣོད་བཅུད་ཡུལ་སྐོར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    འཚོ་བའི་སྤུས་ཚད་ལ་དམ་འཛིན་གྱིས་གྲོང་ཚོའི་ཁོར་ཡུག་ལེགས་སུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་རྨོ་བསྐྱུར་ནགས་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ཏེ། 2016ལོའི་ནགས་ལས་ཁ་གསབ་དང་ནགས་ཚལ་སྲུང་སྐྱོང་གི་མ་དངུལ་སྒོར་ཁྲི་128ལྷག་ཙམ་དང་རྨོ་བསྐྱུར་ནགས་གསོའི་མ་དངུལ་སྒོར་ཁྲི་15.56དུས་ཐོག་ཏུ་སྤྲད་པས་སྣོད་བཅུད་ནགས་ལས་ལ་སྲུང་སྐྱོང་བྱེད་པའི་མི་སེར་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་ལ་སྐུལ་ལྕག་ཐེབས་ནས་མུའུ་150རྨོ་བསྐྱུར་ནགས་གསོ་དང་སྲ་བརྟན་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད། དེ་དང་ཆབས་ཅིག གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་ནགས་ཚལ་མེ་ཟོན་སྔོན་འགོག་གི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། ནགས་ཚལ་སྐོར་གཡེང་དང་འགན་འཁྲི་ཁག་བགོས་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་ནགས་ལས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་ཕྱིན་ནས་སྣོད་བཅུད་འཛུགས་སྐྱོང་གི་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

    ད་ཆ། གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཁོར་ཡུག་ཉིན་རེ་བཞིན་མཛེས་སུ་ཕྱིན་པ་དང་། ཐོན་ལས་འཕེལ་རྒྱས་རིམ་བཞིན་ལེགས་སུ་ཕྱིན་པ་དང་། ཡུལ་སྐོར་བ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།