དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོས་མང་ཚོགས་ལ“ཕྱུག་འགྱུར་ཟམ་པ”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-19

    ལས་ཞུགས་དབུལ་སྐྱོར་ལས་དོན་ཏན་ཏིག་དང་ཕན་འབྲས་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་སྔ་ཙམ་ཐོན་པར་བྱ་ཆེད། ཉིན་ཤས་གོང་། ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོའི“དབུལ་སྐྱོར་འཁོར་ཁང”སྟེ་ཆུ་ཤུར་སྒྲོལ་མ་མི་རིགས་གྱོན་ཆས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གསུམ་ལྡན་གྲོང་ཚོར་བདེ་བླག་ངང་བཙུགས་པ་དང་ཆབས་ཅིག དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཆུ་ཤུར་རྫོང་གི་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོའི“དབུལ་སྐྱོར་འཁོར་ཁང”སྟེ་ཆུ་ཤུར་སྒྲོལ་མ་མི་རིགས་གྱོན་ཆས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གཙོ་བོ་མི་རིགས་ཀྱི་གྱོན་ཆས་དང་། སློབ་མའི་སྒྲོག་ཙེ་དང་རྐུབ་བཀྱག་གི་ཁེབས། རིག་རྩལ་འཁྲབ་ཆས་སོགས་འཚེམ་བཟོ་བྱེད་ཀྱི་ཡོད།

    ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོའི“དབུལ་སྐྱོར་འཁོར་ཁང”སྟེ་ཆུ་ཤུར་སྒྲོལ་མ་མི་རིགས་གྱོན་ཆས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཐོག་མར་བཙུགས་མཚམས་སུ། གྲོང་ཚོ་དེ་གའི་ལས་དོན་པས་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་ཁང་གི་འགན་འཁུར་མི་སྣ་དང་འབྲེལ་མཐུད་མཐུན་སྦྱོར་ཧུར་ཐག་བྱས་རྗེས། གསུམ་ལྡན་གྲོང་ཚོས་མཉམ་ལས་ཁང་དེར་རིན་མེད་ངང་བཟོ་ཁང་ལྔ་དང་གཞུང་ལས་ཁང་གཅིག་མཁོ་འདོན་བྱ་རྒྱུ་དང་། མཉམ་ལས་ཁང་གིས་གསུམ་ལྡན་གྲོང་ཚོའི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་15(དབང་པོ་སྐྱོན་ཅན་4ཚུད་པ)བསྡུ་རྒྱུའི་ཐག་བཅད་པ་དང་སྦྲགས་ངལ་རྩོལ་གན་རྒྱ་བཞག གསུམ་ལྡན་གྲོང་ཚོའི“དབུལ་སྐྱོར་འཁོར་ཁང”སྟེ་ཆུ་ཤུར་སྒྲོལ་མ་མི་རིགས་གྱོན་ཆས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། ལས་ཀར་ཞུགས་པའི་ཞིང་འབྲོག་མང་ཚོགས་ལ་ལག་རྩལ་སྣ་གཅིག་ཤེས་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་2500ལེན་རྒྱུ་བྱུང་ཡོད། མིག་སྔར། དུས་ཡུན་ཟླ་གཅིག་གི་ལས་ཞུགས་གོང་གི་གསོ་སྦྱོང་བརྒྱུད། འཚོ་བར་དཀའ་ངལ་ཡོད་པའི་དུད་ཚང་གི་མི་15འཚེམ་འཁོར་སྤྱོད་སྟངས་གཞི་རྩའི་ཆ་ནས་ཁོང་དུ་ཆུད་པ་དང་། མངག་ཐོ་འབོར་ཆེན་དང་ལེན་དང་འབྲེལ་ཡོད་ཀྱི་ཐོན་རྫས་བཟོ་བའི་ནུས་པ་ལྡན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།