2017ལོའི་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྨང་གཞིའི་ཆ་འཕྲིན་བསྡུ་རུབ་མ་ལག”ལ་བརྟེན་ནས་ཉེན་སྤྱོད་APPདང་། འགྲུལ་ཁང་ལས་རིགས་ཀྱི་APP ཕྱིར་ཚོང་ལས་རིགས་ཀྱི་APPབཅས་སྤྱི་ཚོགས་ཀྱི་ཞབས་ཞུའི་དོ་དམ་ཉེར་སྤྱོད་ལས་སྟེགས་ཆེན་པོ་གསུམ་ཞིབ་འཇུག་གསར་སྤེལ་གྱིས་སྤྱོད་འགོ་བཙུགས་ཏེ་སྔོན་མའི་རིགས་ཁག་གི་རྨང་གཞིའི་གྲངས་གཞི་ཤོག་ལྷེབ་ཅན་དང་། རྩིས་ཐོ་ཅན། ཐར་ཐོར་ཅན་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ཆ་འཕྲིན་བསྡུ་རུབ་དང་ཞིབ་བསྡུར་སོགས་ཀྱི་རྨང་གཞིའི་ལས་དོན་གྱི་ཕན་འབྲས་ཆེ་རུ་སོང་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་ཆ་འཕྲིན་ཅན་གྱི་ཆུ་ཚད་གོང་མཐོར་སོང་ཡོད་པ་རེད།
ཆ་འཕྲིན་གྱི་དྲ་རྒྱ་བཟོས་ནས་གྲངས་གཞི་གཅིག་ཀྱང་མ་ལུས་པར་བསྡུ་རུབ་བྱས་པ། “ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྨང་གཞིའི་ཆ་འཕྲིན་བསྡུ་རུབ་མ་ལག”ལ་དམིགས་ཏེ་ཉེན་སྤྱོད་APPདང་། འགྲུལ་ཁང་ལས་རིགས་ཀྱི་APP ཕྱིར་ཚོང་ལས་རིགས་ཀྱི་APPབཅས་ཚང་མ་རྫོང(ཆུས)དང་། ཤང(གྲོང་རྡལ) དགོན་སྡེ། ཞིང་འབྲོག་ཁུལ་བཅས་སུ་ཁྱབ་གདལ་བཏང་སྟེ“གྲོང་ཚོ་དང་དགོན་སྡེ། དུད་ཚང་དང་མི་བཅས་གཅིག་ཀྱང་མི་ལུས་པའི”དམིགས་ཚད་མཐའ་འཁྱོངས་བྱས་པ་དང་། དུས་ཡུན་ལོ་གཅིག་གི་རིགས་ཁག་གི་རྨང་གཞིའི་གྲངས་གཞིའི་ཆ་འཕྲིན་བསྡུ་རུབ་ལས་དོན་སྤེལ་ཏེ་ཆབ་མདོ་གྲོང་ཁྱེར་གྱི་མི་ཡོངས་ཀྱི་མཛུབ་རིས་དང་DNA(ཁྲག་དཔེ)གྲངས་གཞིའི་མཛོད་ཕྱོགས་ཡོངས་ནས་བཙུགས་པ་མ་ཟད། འབྲེལ་ཡོད་ཀྱི་གྲངས་གཞིའི་ཆ་འཕྲིན་ཚང་མ་གློག་རྡུལ་གྱི་ལས་སྟེགས་ནང་བཅུག་པ་རེད།
ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་འཐབ་ཕྱོགས་དང་པོར་ཞིབ་བཤེར་བྱས་ཏེ་ས་ཆ་གཅིག་ཀྱང་མ་ལུས་པར་བྱས་པ། མིག་སྔའི་བར་ཉེན་སྤྱོད་APPལ་ཐོ་འགོད་བྱེད་མཁན་མི་དམངས་ཉེན་རྟོག་པ་3737བྱུང་བའི་ཁྲོད་མི་2238ཐོ་འགོད་སྦྲེལ་མཐུད་བྱས་པ་དང་། འགྲུལ་ཁང་ལས་རིགས་ཀྱི་APPལ་ཐོ་འགོད་བྱེད་མཁན་འགྲུལ་ཁང་773བྱུང་བ། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེར་སྤྱོད་བསྡུ་རུབ་མ་ལག་དང་འཕྲུལ་ཆས་རྐྱང་པས་བསྡུ་རུབ་མ་ལག་སྤྱད་དེ་རྒྱུན་སྡོད་མི་འབོར་ཁྲི་52.45ལྷག་ཙམ་ཐོ་འགོད་དང་། ཉེན་སྤྱོད་APPཀྱིས་རིཌ་ཁག་གི་གྲངས་གཞི་ཁྲི་80.39ལྷག་ཙམ་བསྡུ་རུབ། འགྲུལ་ཁང་ལས་རིགས་APPཀྱིས་གྲངས་གཞི་ཁྲི་116.5ལྷག་ཙམ་བསྡུ་རུབ། ཕྱིར་ཚོང་ལས་རིགས་APPཀྱིས་གྲངས་གཞི་ཁྲི་75.98བསྡུ་རུབ་བཅས་བྱས་ཡོད་པ་རེད།
ཞིབ་བསྡུར་ལས་ཕྱོད་མཐོ་རུ་བཏང་ནས་བྲོས་བྱོལ་མི་སྣ་གཅིག་ཀྱང་མ་ལུས་པར་ཉེན་བརྡ་བཏང་བ། མིག་སྔའི་བར་རིགས་ཁག་གི་དྲ་རྒྱའི་ཐོག་མིང་བཀོད་པའི་བྲོས་བྱོལ་བ་26འཛིན་རྒྱུའི་ཉེན་བརྡ་བཏང་བ་དང་། ལྷག་པར་དུ“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་བྱ་སྤྱོད་ཁྲོད་ཁུངས་སྣེ་1500ལྷག་ཙམ་བྱུང་བར་བསྡུར་ཞིབ་བྱེད་རོགས་བྱས་པ་རེད།