དབུ་ཤོག>ཞིང་འབྲོག་གསར་པ།
  • ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་རེ་བ་གསར་པ་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཅུས་ཡུན་ཕེང་།   |     སྤེལ་དུས།  2019-06-16

    2018ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་སྒོར་11450ཁག་སོ་སོར་ཟིན་ཡོད། ལོ་60ཡི་གོང་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་མི་རྣམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་སྤྲོ་སེམས་འཕེལ་ཡོད། ད་ཆ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བོད་ཀྱི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གོམ་སྟབས་ཀྱང་སྔར་བས་བརྟན་ཞིང་ཤུགས་དང་ལྡན་པ་ཞིག་ཡོད།

    མི་རིང་བའི་གོང་སྨྱུག་འཛིན་པ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་དུ་བསྐྱོད་དེ་གྲོང་མི་ཟླ་བའི་ལས་གཏོད་སྐོར་གྱི་གཏམ་རྒྱུད་ཉན་པ་ཡིན། ལག་སྐྱོར་འདྲུད་འཐེན་འཁོར་ལོ་བཏང་བ་ནས་ཟ་ཁང་གཉེར་བའི་བར་དང་། མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་འགན་གཙང་བླངས་པ། དེ་རྗེས་སླར་ཡང་ཐག་རིང་ཟོག་འདྲེན་རླངས་འཁོར་བཏང་བའི་བར་ལོ་26གི་དུས་ཚོད་ནང་སྔ་རྗེས་སུ་ཚོང་གཉེར་རྣམ་གྲངས་ལ་ཉམས་དོད་པའི་འཕོ་འགྱུར་ཐེངས་དྲུག་བྱུང་ཡོད། ད་ཆ་ཁོང་ལ་ཁེ་གསུམ་གྲོང་ཚོར་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་ཡོད་པ་མ་ཟད་ལྷ་སར་ཡང་ཁང་པ་ཡོད། གོམ་སྟབས་རྗེས་མར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་ཀྱང་གཉེར་རྩིས་ཡོད་པ་རེད།

    དམངས་ཕྱུག་བོད་དར་ཡོང་བར་བོད་རིགས་ས་ཁུལ་གྱི་མི་སེར་ཚོའི་འབད་འཐབ་ཀྱི་སྙིང་སྟོབས་དང་འཕེལ་རྒྱས་ཀྱི་རེ་བ་བརྟན་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་ཞིང་། ཁེ་གསུམ་དུ་ཟླ་བ་དང་འདྲ་བའི་ཁྱིམ་ཚང་ཧ་ཅང་མང་པོ་ཡོད། “བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་གྲོང་ཚོ་དང་པོ”འདིའི་ནང་ཁེ་གསུམ་གྱི་མང་ཚོགས་ཚོས་སྐབས་དེ་དུས་སྔོན་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་རྒན་རབས་ཚོ་དང་འདྲ་བར་འཚོལ་ཞིབ་བྱེད་ཕོད་པ་དང་ཕུགས་འདུན་དོན་གཉེར་བྱེད་ཕོད་པ་བྱས་ཏེ་འཕེལ་རྒྱས་ཀྱི་ལམ་བུར་ཚ་ཚ་འུར་འུར་ངང་བྱ་གཞག་དོན་གཉེར་དང་གསོན་ཤུགས་ཀྱིས་ཁེངས་ཡོད། ཚང་མར་དཀའ་ལས་དེ་ལྟ་བུ་རྒྱག་དགོས་དོན་གང་ཡིན་པའི་སྐོར་འདྲི་སྐབས་ཁོང་ཚོས“མཛེས་སྡུག་ལྡན་པའི་འཚོ་བ་ནི་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབད་འཐབ་བྱེད་དགོས་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ནི་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྐྲུན་དགོས”ཞེས་དང“རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་ཡར་རྒྱས་ནང་ཞུགས་རྒྱུ་བྱུང་བར་ཐོབ་ཚོར་ཤིན་ཏུ་ཆེན་པོ་འདུག”ཅེས་ལན་བཏབ་བྱུང་།

    དམངས་ཕྱུག་བོད་དར་ཡོང་བར་རིམ་པ་ཁག་དང་ས་ཁུལ་ཁག་གི་རོགས་སྐྱོར་ནི་མེད་དུ་མི་རུང་བའི་སྒུལ་ཤུགས་ཤིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་མི་སེར་ཚོས་སྔ་བར་ཕྱི་གསུམ་དུ་ནས་འདེབས་ཀྱི་ཡོད་པ་དང་། བརྔ་བསྡུ་བྱས་རྗེས་བང་མཛོད་ནང་ཉར་ཚགས་བྱེད་པའི་གོམས་གཤིས་ཤིག་ཡོད་པར་བརྟེན་ཡོང་འབབ་ཡོང་ཁུངས་མང་པོ་མེད་ལ་འཚོ་བ་ཡང་ལྟོ་གོས་འཛོམས་ཙམ་ལས་མེད། ཉེ་བའི་ལོ་ཤས་རིང་རིམ་པ་ཁག་གི་རོགས་སྐྱོར་འོག་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལེགས་སྒྲིག་བྱས་པས་ཡུག་གཅིག་ཏུ་འབྲེལ་བའི་སྔོ་ཚལ་དྲོད་ཁང་དེ་དག་པ་སྣམ་རྫོང་གི་མཛེས་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད།

    2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་སྒྲོལ་དམིགས་ཚད་ལ་ཕྱོགས་སྐབས་བོད་ཀྱི་ལས་འགན་ལྕི་ལ་འགན་འཁྲི་ཆེན་པོ་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཕྱུག་བོད་དར་ཡོང་བ་བྱེད་པར་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་བོད་དར་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད། བསམ་ཕྱོགས་དེ་ལྟ་བུའི་མཛུབ་ཁྲིད་འོག་2018ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་སྒོར་11450ཁག་སོ་སོར་ཟིན་ཡོད། ལོ་ངོ་60ཡི་གོང་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་མི་རྣམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་སྤྲོ་སེམས་འཕེལ་ཡོད། ད་ཆ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བོད་ཀྱི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གོམ་སྟབས་ཀྱང་སྔར་བས་བརྟན་ཞིང་ཤུགས་དང་ལྡན་པ་ཞིག་ཡོད།

    “དགུན་གྱི་གྲང་ངར་བརྒྱུད་མྱོང་བའི་མིས་ཉི་འོད་ཀྱི་དྲོ་སྐྱིད་ལྷག་པར་ཚོར” སྲོལ་རྒྱུན་གྱི་སོ་ནམ་སྤྱི་ཚོགས་བརྒྱུད་མྱོང་བའི་ཞིང་འབྲོག་པ་རྣམས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་རིམ་བཞིན་ཡིད་རྟོན་ལ་སྣང་ཆེན་དང་། ཚོང་ལས་ཤེས་པ། ལག་རྩལ་ལྡན་པ་བཅས་ཀྱི་ཞིང་པ་གསར་པ་དང་འབྲོག་པ་གསར་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།