དབུ་ཤོག>ཞིང་འབྲོག་གསར་པ།
  • འདམ་གཞུང་རྫོང་དབུ་མ་ཐང་ཤང་ཧོར་རུ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་གྲོང་མི་ལྷག་པ་བསམ་གྲུབ་ཀྱི་དབུལ་སྒྲོལ་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-14

    ད་ལོ་ལོ་49ལ་སླེབས་པའི་ལྷག་པ་བསམ་གྲུབ་ནི་ཧོར་རུ་གྲོང་ཚོའི་འབྲོག་པ་དཀྱུས་མ་ཞིག་རེད། དེ་སྔ་ཁྱིམ་མི་ཚང་མའི་འཚོ་བ་འབྲི་གཡག་ཁ་ཤས་ལ་བཅོལ་བས་ཡོང་འབབ་ཧ་ཅང་ཉུང་། 2015ལོར་གནད་སྨིན་གསལ་འབྱེད་བྱས་རྗེས་ལྷག་པ་བསམ་གྲུབ་ཀྱི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད།

    དཀའ་ངལ་ཇི་ལྟར་ཆེ་ཡང་ལྷག་པ་བསམ་གྲུབ་ཀྱི་སེམས་ཤུགས་ཆག་མེད་ལ། དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པ་ལས་ཁོང་གི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་། ཡོང་འབབ་སྔར་བས་མང་བ་གསོག་ཆེད་ལྷག་པ་བསམ་གྲུབ་ཀྱིས་ཕྱུགས་འཚོ་ཞོར་དུ་གྲོང་ཚོའི་འཚེམ་བཟོ་བའི་དགེ་ཕྲུག་བྱས་ནས་འཚེམ་བཟོ་སྦྱངས་པ་རེད། ཁོང་གིས་དཀའ་ངལ་ཁྱད་དུ་བསད་དེ་བློ་རྩེ་གཅིག་སྒྲིམ་གྱིས་འཚེམ་བཟོའི་ལས་ལ་གཞོལ་པ་དང་། མི་གཞན་གྱིས་ངལ་གསོ་རྒྱག་སྐབས་སུའང་ཁོང་གཅིག་པུས་འཚེམ་བཟོ་སྦྱོང་གི་ཡོད། ཚང་མའི་རོགས་རམ་འོག་ལྷག་པ་བསམ་གྲུབ་ཀྱིས་འཚེམ་ཁང་ཞིག་བཙུགས་ནས་ཡོང་འབབ་རིམ་བཞིན་འཕར་བ་མ་ཟད། ཁོང་གི་ཕྲུ་གུ་རྣམ་རྒྱལ་ཕུན་ཚོགས་དང་ནོར་བུ་བཀྲ་ཤིས་གཉིས་ཀྱང་སྲིད་གཞུང་གི་རོགས་སྐྱོར་འོག་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལམ་སྲུང་བར་གྱུར་ཅིང་ཡོང་འབབ་བརྟན་པོ་ཡོད་པ་རེད།

    འདི་ལོར་ལྷག་པ་བསམ་གྲུབ་ཀྱིས་གྲོང་ཚོར་ཞུ་ཡིག་ཕུལ་ནས་སྐྱོབ་གསོའི་དངུལ་མི་ལེན་པར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་འབྱོར་འབྲིང་དུ་སྐྱོད་པའི་བློ་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།