གངས་རི་བཞུར་བའི་ཆུ་ཕྲན་རེ་རེ་བཞིན་ཐོན་ཆུར་གཅིག་ཏུ་བསྡུས་ཏེ་ཉིན་མཚན་བལྟོས་མེད་ངང་གྲོང་ཚོ་དེར་འཚོ་བཅུད་སྦྱིན། སྤོས་འཐག་སའི་ཆུ་འཁོར་282དེ་དག་ཆུ་ཕྲན་རྒྱུད་དུ་ཀྱག་ཀྱོག་ཏུ་ཆཌ་ཏེ་ཆུ་འཁོར་ལ་བརྟེན་ནས་སྤོས་ཀྱི་རྒྱུ་ཆ་འཐག་པའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་གྲུབ།
དེ་ནི་བོད་ཡིག་སྲོལ་གཏོད་པ་དང་སྤོས་གསར་བཟོ་མཛད་མཁན་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ—སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ་རེད།
ཐོན་མདའ་གྲོང་ཚོར་ལོ་ངོ་1300ལྷག་ཙམ་གྱི་སྤོས་བཟོ་བའི་ལོ་རྒྱུས་ལྡན་ལ་སྤོས་འདི་ཉིད་ད་ཆ་གྲོང་ཚོ་དེའི་ཀ་རྟེན་ཐོན་ལས་སུ་གྱུར། རྒྱ་མཚོའི་སྙེ་མོ་རྫོང་ཐོན་མདའ་ཤང་གི་ནོར་བུ་རིན་ཆེན་གནའ་བོའི་སྤོས་ཚད་ཡོད་འགན་འཁྲི་ཀུང་སི་དེ་ཐོན་མདའ་གྲོང་ཚོར་གནས་ཡོད།
འདི་ལོ་ལོ་53ལ་སླེབས་པའི་རྒྱ་མཚོས་ལག་ཤེས་ལ་བརྟེན་ནས་སྤོས་བཟོས་ཏེ་ལོ་30ལྷག་ཙམ་ཕྱིན་པ་དང་ལོ་19ནས་བཟུང་རྒྱ་མཚོས་ཕ་ཤུལ་བུ་འཛིན་བྱས་ཏེ་སྤོས་བཟོ་སྟངས་སྦྱངས། 1995ལོར་རང་ཉིད་ཀྱི་ལག་ཤེས་བཟོ་ཁང་བཙུགས་པ་དང་2008ལོར་རང་ཉིད་ཀྱི་སྤོས་ཀྱི་སྤུས་རྟགས—“ནོར་བུ་རིན་ཆེན་གནའ་བོའི་སྤོས”ཐོ་འགོད་བྱས་པ་དང་2013ལོར་སྙེ་མོ་རྫོང་ཐོན་པ་ཤང་གི་ནོར་བུ་རིན་ཆེན་གནའ་བོའི་སྤོས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས། ད་ཆ་རྒྱ་མཚོའི་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་ནས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར།
རྒྱ་མཚོས་གསར་འགོད་པར་ཁོང་ཁྱིམ་གྱི་སྤོས་ཀྱི་རྒྱུ་ཆ་ཕུན་སུམ་ཧ་ཅང་ཚོགས་པ་སྟེ། ཤུག་པ་གཙོ་བོར་བྱས་པའི་གུར་ཀུམ་དང་། གླ་རྩི། ཙན་དན་དཀར་པོ། ཙན་དན་དམར་པོ། ཙན་དན་སྨུག་པོ་སོགས་བསུང་རྫས་སྣ་ཁ་28ཡོད་པ་དེ་དག་བསྡུར་ཚད་ངེས་ཅན་བཞིན་མཉམ་བསྲེས་བྱེད་ཀྱི་ཡོད། ཁོང་གིས་ད་དུང་སྤོས་ལེགས་བཅོས་བྱས་ཏེ་སྦྱོར་རྟ་མི་འདྲ་བ་རིགས་5བྱས་པར་འཛད་སྤྱོད་པས་དགའ་པོ་བྱེད་ལ་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་གང་སར་བྲིན་ཚོང་བྱེད་ཀྱི་ཡོད་ཅེས་བཤད།
རྒྱ་མཚོས“སྙེ་མོའི་སྤོས་བཟོ་སྐབས་སྐྱེ་དངོས་ལ་གནོད་འཚེ་མི་ཐེབས་པ་དང་རྒྱུ་ཆའི་སྦྱོར་རྟ་ཐུན་མོང་མ་ཡིན་ལ་འབུ་ཕྲ་གསོད་པ་དང་མཁའ་རླུང་གཙང་སེལ་གྱི་ཕན་ནུས་ལྡན་ཡོད། 2008ལོའི་ཟླ་6པར། སྙེ་མོའི་སྤོས་བཟོ་བའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད”ཅེས་སྤོབས་སེམས་ཆེན་པོས་བཤད།
ད་ཆ་ཐོན་པ་ཤང་དུ་སྙེ་མོའི་ཐོན་པའི་སྤོས་ས་གཙང་ཚད་ཡོད་ཀུང་སི་སོགས་སྤོས་བཟོ་མཁན་གྱི་ཀུང་སི་13ཡོད་པ་དང་ཐོན་པ་ཤང་མི་དམངས་འཐུས་ཚོཌ་ཀྱི་ཀྲུའུ་རེན་མིག་དམར་བསམ་གྲུབ་ཀྱིས་གསར་འགོད་པར“2017ལོར་ཤང་ཡོངས་ཀྱི་སྤོས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1289དང་སྤོས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་5700ཟིན་ནས་སྤོས་ཀྱི་ཐོན་ལས་དེ་ཐོན་པ་ཤང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་ཡོ་ཆས་ཤིག་ཏུ་གྱུར་ཡོད”ཅེས་བཤད།