དབུ་ཤོག>ཞིང་འབྲོག་གསར་པ།
  • རྒྱལ་ཡོངས་ཀྱིས་ཕག་པ་གསོ་ཚགས་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-18

    ཚེས་16ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱིས་ཕག་པ་གསོ་ཚགས་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་དགོས་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཏེ་མིག་སྔའི་ཕག་པ་གསོ་ཚགས་དང་ཁྲོམ་རར་མཁོ་འདོན་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་ཕག་པ་གསོ་ཚགས་ལ་སྐུལ་འདེད་བཏང་སྟེ་ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་དགོས་པའི་ལས་དོན་ཁག་ཕྱོཌ་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་ལ་ཕག་པའི་ཐོན་ལས་རྣམ་པ་ལེགས་སྒྲིག་བྱེད་དགོས། ཕག་པ་རང་ཁ་རང་གསོ་བྱེད་ཚད་དམའ་བའི་ཁུལ་གྱིས་ས་གནས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ཕག་པ་གསོ་ཚགས་བྱེད་ཁྱོན་ཆེ་རུ་ཧུར་ཐག་གཏོང་བ་དང་འཆར་འགོད་ལུགས་མཐུན་བྱས་ཏེ་ཕག་པ་རང་ཁ་རང་གསོ་ཐུབ་ཚད་རིམ་པས་མཐོ་རུ་གཏོང་དགོས། ཁོར་ཡུག་སོགས་ཕྱི་རོལ་ཆ་རྐྱེན་གྱི་ཚད་བཀག་ཕོག་ནས་རང་ཁ་རང་གསོ་ཐུབ་ཐབས་བྲལ་བའི་ཞིང་ཆེན་གྱིས་མཐའ་འཁོར་གྱི་ཞིང་ཆེན་དང་རང་འགུལ་ངང་འབྲེལ་བ་བྱས་ཏེ་ཐག་ཉེ་ས་ནས་མཁོ་འདོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེལ་འདྲེན་ལྷུ་ཚིགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཕག་པ་སྐྱེལ་འདྲེན་གྱི་འཁོར་རིགས་ཐོ་འགོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེལ་འདྲེན་ལྷུ་ཚིགས་སུ་གནད་དོན་མི་ཐོན་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། བྱ་ཐབས་སྟབས་བདེ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གོ་རིམ་བཟང་སྒྲིག་བྱས་ནས་ཆ་རྐྱེན་དང་མཐུན་པའི་ཕག་གསེབ་དང་ཕག་ཕྲུག་དབོར་འདྲེན་འགན་ལེན་བྱེད་དགོས། གསོ་ཚགས་དང་ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡར་སྔར་བས་ཤུགས་སྣོན་རྒྱག་དགོས། ཨ་ཧྥེ་རི་ཁ་གླིང་གི་ཕག་ནད་སྔོན་འགོག་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། འབྲེལ་གཏུག་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་ཕག་པ་གསོ་ཚགས་དང་ཁྲོམ་རར་མཁོ་འདོན་་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།