དབུ་ཤོག>ཞིང་འབྲོག་གསར་པ།
  • མཛོ་སྒང་རྫོང་གི་ཆེད་ལས་མཉམ་ལས་ཁང་55ཡིས་ཞིང་པའི་འབབ་འཕར་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-12

    ཉེ་བའི་ལོ་ཤས་རིང་། མཛོ་སྒང་རྫོང་གིས“ས་ཁུལ་དབུལ་པོའི་ཞིང་པའི་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་ནས་མི་འབོར་དབུལ་པོའི་རྩ་འཛུགས་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ”བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆེད་ལས་མཉམ་ལས་ཁང་ཧུར་ཐག་བཙུགས་པ་དང་འབབ་འཕར་ལས་སྟེགས་བཏོད་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་ཡོད།

    མིག་སྔའི་བར་རྫོང་ཡོངས་སུ་ཆེད་ལས་མཉམ་ལས་ཁང་55ཡོད་པའི་གྲས་སུ། རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་2དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་2གྲོང་ཁྱེར་རིམ་པའི་ཕུལ་བྱུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་3བཅས་ཡོད་པ་དང་། མཉམ་ལས་ཁང་དུ་ཁོངས་མི་745ཡོད་པ་ལས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་264ཡི་མི་580ཡོད་པ་དང་། དེའི་གྲས་ཀྱི་མང་ཚོགས་དབུལ་པོ་114ལས་ཞུགས་བརྟན་པོ་ཐུབ་ནས་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་1500བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།