དབུ་ཤོག>ཞིང་འབྲོག་གསར་པ།
  • ​ལྷ་ས་ནས་ས་ཆ་གཞན་གྱི་ཁ་ལོ་བའི་ལག་ཁྱེར་བརྗེ་ཡི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2019-05-10

    ལྷ་ས་ནས་ས་ཆ་གཞན་གྱི་ཁ་ལོ་བའི་ལག་ཁྱེར་བརྗེ་ཆོག་གི་འདུག Cརིམ་པའི་ཁ་ལོ་བའི་ལག་ཁྱེར་བརྗེ་དགོས་ཚེ། ཐོབ་ཐང་ལག་ཁྱེར་དང་། ཁ་ལོ་བའི་ལག་ཁྱེར། རྒྱབ་ངོས་དཀར་པོ་ཡིན་པའི་པར་ཚུན་གཅིག་མ་3བཅས་ཁྱེར་དགོས་ཀྱི་ཡོད། གལ་སྲིད་ཁ་ལོ་བའི་ལག་ཁྱེར་བརྗེ་བའི་དུས་ཚོད་ཡོལ་ན། ཁ་ལོ་བའི་གཟུགས་པོའི་བརྟག་དཔྱད་བྱས་འབྲས་ཁྱེར་ཚེ་ཁ་ལོ་བའི་ལག་ཁྱེར་བརྗེ་བའི་རེ་འདུན་ཞུ་ཆོག་གི་ཡོད།

    ཁ་ལོ་བའི་ལག་ཁྱེར་བརྗེ་བར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་བཞི་ཡོད་དེ།

    གཅིག ཁ་ལོ་བའི་ལག་ཁྱེར་མ་བརྗེས་གོང་དུས་འཁོར་རེར་སྐར་མ་12བཅག་མེད་པ། 

    གཉིས། ཁ་ལོ་བའི་ལག་ཁྱེར་མ་བརྗེས་གོང་སྒྲིག་འགལ་ཟིན་ཐོ་མེད་པ་བཟོ་དགོས་པ་དང་། ཉེས་ཆད་ཚང་མ་སྐྱེལ་དགོས་པ་མ་ཟད། སྐར་མ་འཐེན་པ་ཚང་མ་གསབ་དགོས།

    གསུམ། ཁ་ལོ་བའི་གཟུགས་པོའི་གནས་ཚུལ་མོ་ཊ་གཏོང་ཆོག་པའི་ཆ་རྐྱེན་དང་མཐུན་དགོས།

    བཞི། ཁ་ལོ་བའི་ལག་ཁྱེར་བརྗེ་བའི་དུས་ཚོད་ལ་མ་སླེབས་གོང་གི་ཟླ་3ནང་ཚུན་དུ་གཞི་ནས་ལག་ཁྱེར་བརྗེ་བའི་རེ་འདུན་ཞུ་ཆོག

    གཞན་ཡང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ལོ་6རིང་། དུས་འཁོར་རེར་སྐར་མ་12བཅག་མེད་རིགས་ལ། གོ་ཆོད་དུས་ཡུན་ལོ་10ཡོད་པའི་ཁ་ལོ་བའི་ལག་ཁྱེར་བརྗེ་ཡི་ཡོད་པ་དང་། ཁ་ལོ་བའི་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ལོ་10ཡི་རིང་། དུས་འཁོར་རེར་སྐར་མ་12བཅག་མེད་རིགས་ལ། ཡུན་རིང་སྤྱོད་ཆོག་པའི་ཁ་ལོ་བའི་ལག་ཁྱེར་བརྗེ་ཡི་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།