དབུ་ཤོག>ཞིང་འབྲོག་གསར་པ།
  • དུད་ཚང་དབུལ་པོ་བུ་ཆུང་མཚམས་གཅོད་ཀྱི་བདེ་སྐྱིད་སྤྲོ་སྣང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-10

    བུ་ཆུང་མཚམས་གཅོད་ནི་རྒྱལ་རྩེ་རྫོང་ར་སོག་ཤང་སྤང་རི་གྲོང་ཚོ་ནས་རེད། བཟའ་ཚོ་གཉིས་པོ་གཟུགས་པོ་སྐྱོ་བ་དང་བུ་ཕྲུག་མེད་པའི་ཁར་ལག་ཤེས་གང་ཡང་ཤེས་ཀྱི་མེད། ལྟོ་གོས་གཙོ་བོ་ཞིང་ལས་ལ་བརྟེན་དགོས་པས། ཡོང་འབབ་ཀྱང་ཉུང་ཉུང་རེད། 2017ལོར་བུ་ཆུང་མཚམས་གཅོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཞག་པ་རེད། 

    སྡོད་ཁང་སྒྱུར་བཀོད་ནི་ཏང་དང་སྲིད་གཞུང་གིས་ལག་བསྟར་བྱེད་པའི་དམངས་ཕན་འདུ་འགོད་ཅིག་རེད། “སྲིད་གཞུང་གིས་ང་ཚོའི་སྡོད་ཁང་ལ་ཐུགས་ཁུར་ཆེན་པོ་གནང་ནས་སྡོད་ཁང་སྒྱུར་བཀོད་ཀྱི་མ་དངུལ་སྒོར་ཁྲི་6གནང་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བུ་ཆུང་མཚམས་གཅོད་ཀྱིས་བཤད། 

    ཁྱིམ་ཚང་ཆ་རྐྱེན་སྐྱོ་བའི་དབང་གིས་ཁོང་རང་སྒེར་ལ་དངུལ་འདོན་ཡས་མེད་པ་དང་སྲིད་གཞུང་གིས་གནང་བའི་སྒོར་ཁྲི་6ཡིས་སྡོད་ཁང་ཉམས་གསོ་བྱེད་ཐབས་བྲལ་གཤིས། ད་ནི་གང་དྲག་སྙམ་པའི་སྐབས་འདིར། ར་སོག་ཤང་སྤང་རི་གྲོང་ཚོར་བཅའ་སྡོད་རྒྱལ་རྩེ་རྫོང་ཨུད་གཞུང་དོན་ཁང་གི་ལས་དོན་རུ་ཁག་གིས་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་བུ་ཆུང་མཚམས་གཅོད་ལ་རོགས་རམ་གང་ཐུབ་བྱས། ལས་དོན་རུ་ཁག་གི་མཐུན་སྦྱོར་འོག་སྤང་རི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་དངོས་གྲུབ་ཀྱིས་བུ་ཆུང་མཚམས་གཅོད་ལ་བྱེ་རྡོ་རླངས་འཁོར་2དབོར་བ་དང་གུར་2སྤྲད་པ་དང་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོས་རིན་མེད་ཉིན་ལས་ཉིན་97(མི་རེར་ཉིན་རེར་གླ་ཆ་སྒོར་150ལྟར་བརྩིས་ན་ཁྱོན་གླ་ཆ་སྒོར་14550ཟིན་པ)བྱས་ཡོད། དེ་དང་ཆབས་ཅིག་སྡོད་ཁང་སྒྱུར་བཀོད་ནང་གྲོང་ཚོའི་ལས་བྱེད་པ་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། གྲོང་ཚོའི་སྨན་པ། ཚན་རྩལ་ཆེད་མངགས་པ་སོགས་ཀྱིས་ཀྱང་གླ་ཆ་མེད་པར་ལས་ཀ་ཉིན་25བྱས་པ་དང་གྲོང་ཚོའི་ཏང་ཡོན་ཚོས་ལས་ཀ་ཉིན་115བྱས་པ་རེད། 

    “ཁྱིམ་མཚེས་དང་གཉེན་ཉེ་གྲོགས་པོ་ཚོས་གླ་མེད་པར་ས་འདྲུ་འཕྲུལ་འཁོར་བཏང་བ་དང་གསེག་མ་དང་ཤིང་རྒྱུ་སོགས་སྤྲད་པ་མ་ཟད། སྒོ་ང་དང་། ཐུག་པ། སྔོ་ཚལ་སོགས་སྤྲད་ནས་ངའི་དཀའ་ངལ་ཐག་གཅོད་བྱས་བྱུང་། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བུ་ཆུང་མཚམས་གཅོད་ཀྱིས་སེམས་འགུལ་ཐེབས་པའི་ངང་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།