དབུ་ཤོག>ཞིང་འབྲོག་གསར་པ།
  • སྤོ་བོ་རྫོང་ཉག་སྣ་གྲོང་ཚོས་ཐོན་ལས་རྣམ་གྲངས་ལ་མ་དངུལ་དང་སྟོབས་ཤུགས་གྲབས་གསོག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-10

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་གཏོང་དང་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ལ་སྔར་བས་དོ་དམ་བྱ་ཆེད། ཉེ་ཆར། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ཉག་སྣ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་མཉམ་དུ་གྲོང་མིའི་ཚོགས་ཆེན་འཚོགས་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་35སྒྲིག་འཛུགས་བྱས་ནས་གྲོང་ཚོ་དེའི་སྔོ་ཚལ་དང་ཤིང་ཏོག་དྲོད་ཁང་དང་ཞོག་ཁོག་འདེབས་འཛུགས་ཀྱི་མཉམ་སྡེབ་ཐོན་ལས་རྣམ་གྲངས་ལ་མ་དངུལ་དང་སྟོབས་ཤུགས་གྲབས་གསོག་གི་འབྲེལ་ཡོད་དོན་ཚན་ལ་གྲོས་བསྡུར་བྱས་པ་རེད། 

    2018ལོར། ཉག་སྣ་གྲོང་ཚོས་སྔོ་ཚལ་དང་ཤིང་ཏོག་དྲོད་ཁང་དང་ཞོག་ཁོག་འདེབས་འཛུགས་ཚོད་ལྟ་བྱས་པར་ཕན་འབྲས་བཟང་པོ་ཐོན་ནས་ལོ་མཇུག་ཏུ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད། འདི་ལོ་ཐོན་ལས་ཀྱི་ཕན་འབྲས་སྔར་བས་ཡག་པོ་ཐོན་པ་བྱ་ཆེད། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་འདེབས་འཛུགས་ཀྱི་རྒྱ་ཁྱོན་འོས་འཚམ་ངང་རྒྱ་ཆེར་གཏོང་རྒྱུའི་ཞིབ་འཇུག་གཏན་འཁེལ་བྱས་ཡོད། དྲོད་ཁང་དེའི་སྔོ་ཚལ་དང་ཤིང་འབྲས་དང་ཞོག་ཁོག་འདེབས་འཛུགས་ཀྱི་མཉམ་སྡེབ་ཐོན་ལས་ཀྱི་རྣམ་གྲངས་ལ་དུད་ཚང་30ཡིས་མ་རྐང་ལ་ཞུགས་ཏེ་དུད་ཚང་རེ་ནས་སྒོར་300དང་མི་60གཏོང་རྒྱུའི་མོས་མཐུན་བྱས་ཡོད། དེ་དང་དུས་མཚུངས་ཐོན་ལས་རྣམ་གྲངས་དེ་གྲོང་ཚོ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་དུད་ཚང་8ལ་ཁྱབ་པར་བྱས་ཏེ་དུད་ཚང་དབུལ་པོར་དངུལ་སྨར་ཡོང་འབབ་མང་དུ་འགྲོ་ཐུབ་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།