དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་གྱི་དམིགས་བསལ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-09

    ད་ཕན་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐོན་ལས་ཤེས་ལྡན་མི་སྣའི་གསོ་སྦྱོང་དང་ཕྱི་ཕྱོགས་སྤེལ་རེས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས“རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ+ལྟ་སྦྱོང་ལྟ་ཞིབ”བྱེད་སྟངས་སྤྱད་དེ་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྱི་ཁེ་ལས་མཁས་པའི་གསོ་སྦྱོང་འཛིན་གྲྭ་དང་། གཞིས་རྩེ་གྲོང་ཁྱེར་གྱི་བཟོ་ལས་རྐང་འཛིན་གྱི་ཁེ་ལས་བསྡོམས་རྩིས་ནོར་དོན་དངུལ་རྩའི་ལས་སྒོའི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཟོ་ལས་རྐང་འཛིན་གྱི་ཁེ་ལས་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བཅས་སྒྲིག་འཛུགས་བྱས་ནས་གཉེར་བ་མ་ཟད། ཧྲན་ཏུང་ཞིང་ཆེན་གྱི་ལས་རིགས་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་པ་གཞིས་རྩེར་ཆེད་དོན་གསོ་སྦྱོང་གཉེར་བར་གདན་དྲངས་པ་དང་། རིམ་རྩིས་བྱས་ན་མི་ཐེངས་120ལྷག་ལ་གསོ་སྦྱོང་བྱས་ནས་ཁེ་ལས་ཀྱི་ཞིབ་ཕྲ་ཅན་གྱི་དོ་དམ་ཆུ་ཚད་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མཐོ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།