དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་ཤུགས་འདོན་གྱིས་འགག་སྒྲོལ་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-08

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་དང་ས་བབ་མཐོ་ཤོས་སྨི་6500ཟིན་པ་དེ་ནི་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་གི་གྲས་ཤིག་ཡིན་ཞིང་། མི་འབོར་དབུལ་པོ་མང་བ་དང་། ས་ཁོངས་དབུལ་པོ་རྒྱ་ཆེ་བ། དབུལ་པོའི་གནས་ཚད་གཏིང་ཟབ་པ། དབུལ་སྒྲོལ་ལས་འགན་ལྕི་བ་བཅས་རེད།

    “གསེར་རྙེད་ཆུས་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས‘ལོ་བཞིའི་གཅིག་སྡུད་འགག་སྒྲོལ་དང་། ལོ་གཅིག་གི་བརྟན་གཏོང་མཐོར་འདེགས’ཀྱི་སྤྱིའི་འཆར་འགོད་ལྟར་རྩ་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་ཐིག་དཔེ་རིས་བཅས་བཟོས་ནས‘དམིགས་པ་བདུན’མངོན་གསལ་དོད་པོ་ཡོང་བ་བྱས་ནས་དབུལ་སྒྲོལ་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཡོད”ཅེས་ཉེ་ཆར་གསེར་རྙེད་ཆུས་ཨུད་ཀྱི་ཧྲུའུ་ཅི་ལི་ཏུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་རེད།

    “མཐིལ་བཤེར་ཏན་ཏིག”ལ་དམིགས་ནས་གནད་སྨིན་ངོས་འཛིན་གྱི་རྨང་གཞིའི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། ཚན་རིག་དང་མཐུན་པའི་དབུལ་སྒྲོལ་འཆར་གཞི་བཟོས་ཏེ་ལོ་འཁོར་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་གསལ་བཟོ་དང་། ལྟ་བཤེར་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གནད་སྨིན་ཇུས་བསྟར་དང་གནད་སྨིན་ཤུགས་འདོན་བྱེད་ཐུབ་པ་བཅས་བྱས་ཁར། “སྤྲོད་དགོས་རིགས་སྤྲོད་པ་དང་སློག་དགོས་རིགས་སློག་པའི”རྩ་དོན་ལྟར། དབུལ་སྐྱོར་གསར་སྤེལ་གྱི་ཆ་འཕྲིན་མ་ལག་འགྱུར་ལྡོག་ལ་དོ་དམ་བྱས་ནས་འབྱོར་འབྲིང་ལམ་དུ་གཅིག་ཀྱང་མི་ཉུང་བ་དང་ཕྱུག་འགྱུར་ལམ་དུ་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད།

    “ཡོང་འབབ་བརྟན་གཏོང”ལ་དམིགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། “ཡུར་ལམ་མང་པོ་ནས་ཆུ་འདྲེན་པ་དང་ཆུ་སྦུག་གཅིག་ནས་ཆུ་གློད”པའི་མ་དངུལ་གཏོང་བའི་གྲུབ་ཚུལ་ལྟར་ཆེད་དོན་དང་། ཞིང་འབྲེལ་སྲིད་ཇུས། བོད་སྐྱོར་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ“ཀུང་སི་དང་། རྟེན་གཞི། དུད་ཁྱིམ་དབུལ་པོ་བཅས་མཉམ་འབྲེལ”གྱི་བྱེད་ཐབས་སྤྱད་ཅིང་། ཞིང་འབྲོག་པ་དང་། འཛུགས་སྐྲུན་རྒྱུ་ཆ། ཞབས་ཞུ། ཡུལ་སྐོར་སོགས་དང་འབྲེལ་བ་ཡོད་པའི“མྱུར་འགྲུབ”དང་། “ཤང་གཅིག་ཧྲེ་གཅིག” དབུལ་སྐྱོར་ཚོང་ལས་ཁྲོམ་གཞུང་སོགས་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་ཤུགས་ཆེན་ངང་བསྒྲུབས་པ་དང་ཐོན་ལས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཡོད།

    “དབུལ་ལས་བརྗེ་རྒྱུར”དམིགས་ཏེ་རང་བརྟེན་དབུལ་སྒྲོལ་གྱི་འདུ་ཤེས་གསོ་སྐྱོང་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། ལས་ཞུགས་གཞན་སྒྱུར་གྱི་ཆ་འཕྲིན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ངལ་རྩོལ་ནུས་ཤུགས་ཀྱི་རིགས་རྣམ་དང་། རྩལ་ནུས་བྱང་ཆུབ། རྩལ་ནུས་གསོ་སྦྱོང་གི་བསམ་འདུན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བསྡོམས་རྩིས་དབྱེ་ཞིབ་བྱས་པ་དང་། ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱས་ཁར། དུད་ཚང་དབུལ་པོའི་ངལ་རྩོལ་ནུས་པའི་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་གྲུབ་ཆའི་བསྡུར་ཚད་ལོ་ལྟར་ཆེས་ཆེར་མང་དུ་འགྲོ་བཞིན་ཡོད།

    “དབུལ་ཚང་སྤོ་རྒྱུར”དམིགས་ཏེ་ལས་བརྩོན་ཐད་ཀྱི་བདེ་སྡོད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། “བརྟན་པོ་ཡོང་བ་དང་ཕྱུག་འགྱུར་ཐུབ་པའི”བླང་བྱ་ལྟར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་བའི་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་ཡུལ་གཞན་དུ་གནས་སྤོས་དུད་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བར་བརྟེན། གནས་སྤོས་དུད་ཚང་གི་ལས་ཞུགས་དཀའ་ངལ་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    “དབུལ་པོའི་ཐ་སྐྱོང་རྒྱུར”དམིགས་ཏེ་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་འགན་ལེན་གྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། སྣོད་བཅུད་ཁ་གསབ་དང་། སློབ་གསོ་གོང་འཕེལ། བདེ་ཐང་སྨན་བཅོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐ་སྐྱོང་གི་མ་དངུལ་སྤྲད་ནས་མང་ཚོགས་དབུལ་པོའི“མཉམ་སྤྱོད་ཐུབ་པ་ལྔ”ཆེ་རུ་བཏང་ཡོད།

    “རྣམ་པ་ཆེན་པོར”དམིགས་ཏེ་སྤྱི་ཚོགས་སྟོབས་ཤུགས་ཀྱི་རོགས་སྐྱོར་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། “ཧྲེ་བརྒྱས་མི་སྟོང་གི་སྣེ་ཁྲིད་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གསེར་རྙེད་ཆུས་ཀྱི་ཁེ་ལས་དང་མཉམ་ལས་རྩ་འཛུགས་210“ཧྲེ་བརྒྱས་མི་སྟོང་གི་སྣེ་ཁྲིད་པའི”བྱེད་སྒོའི་ནང་ཧུར་ཐག་ཞུགས་ཁར“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ”དང་། ཕྱུགས་ཟོག་ཉོ་བ། འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་ཡོད། ད་ལོའི་ལོ་སྟོད་དུ་བསྡུས་པའི་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣ་445ཡིས་ཡོང་འབབ་སྒོར་ཁྲི་570ལྷག་ཙམ་བཏོད་པ་མ་ཟད། གཞན་ཡང་གསེར་རྙེད་ཆུས་ཀྱིས“ཕན་འབྲས་ལ་ཤུགས་སྣོན་རྒྱག་པར”དམིགས་ནས་མ་དངུལ་གྱི་ལས་རྗེས་དོ་དམ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། 

    གསེར་རྙེད་ཆུས་ཀྱི་གནས་ཚུལ་རགས་བསྡུས། 

    གསེར་རྙེད་ཆུས་ལ་དེ་སྔོན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་5508དང་མི་གྲངས་ཁྲི་2.38ཙམ་ཡོད་ལ་དབུལ་པོར་འགྱུར་ཚད་27.53%ཡིན་པས་ཤིན་ཏུ་དབུལ་བའི་རྫོང(ཆུས)ལ་གཏོགས་པ་དང་། ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་10དང་ཤིན་ཏུ་དབུལ་བའི་གྲོང་ཚོ་97ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་གསེར་རྙེད་ཆུས་ཀྱིས་དབུལ་སྐྱོར་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་བ་དང་། དུད་ཚང་2131དང་མི་གྲངས་8872བརྟན་པོའི་ངང་དབུལ་སྒྲོལ་བྱུང་ཁར་གྲོང་ཚོ་དབུལ་པོ་28དབུལ་ཕོངས་ལས་སྒྲོལ་ཏེ་དབུལ་པོར་འགྱུར་ཚད་17.30%བར་ཆག་པ་དང་། དབུལ་པོ་རང་ལོག་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ནན་པོ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།