དབུ་ཤོག>ཞིང་འབྲོག་གསར་པ།
  • སྟེང་ཆེན་རྫོང་གི་ཞིང་ལས་སྣོད་བཅུད་གླིང་གིས་ཐོན་ལས་དབུལ་སྒྲོལ་བྱེད་སྟངས་གསར་པ་གཏོད་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-07

    2017ལོའི་ཟླ་5པར་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པའི་རོགས་རམ་འོག་ཐེན་ཅིན་ཅིན་ཕོང་ཀུང་སིས་མ་རྩ་བཏང་ནས་སྟེང་ཆེན་རྫོང་ཅིན་ཕོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་རེད། ཀུང་སི་དེས་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཞེ་སྨད་གྲོང་ཚོ་དང་མཉམ་ལས་བྱས་ནས་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་བཙུགས་པ་དང་། གླིང་དེ་རྫོང་གྲོང་ཤར་ཕྱོགས་ཀྱི་སྤྱི་ལེ་2མཚམས་སུ་གནས་ལ། རྒྱ་ཁྱོན་མུའུ་115.3ཡོད་པ་དང་། ད་ལྟ་དྲོད་ཁང་ཆེ་མོ་60དང་རྒྱ་ཁྱོན་སྨི་ངོས་གྲུ་2000ཡོད་པའི་རིག་ནུས་དྲོད་ཁང་གཅིག་ཡོད། གླིང་ཁུལ་དུ་ཤིང་ཏོག་དང་། སྔོ་ཚལ། མེ་ཏོག་བཅས་ཀྱི་མྱུག་སོན་འདེབས་འཛུགས་དང་། སྔོག་འཐུ། གསོ་སྦྱོང་། སྤྲོ་གསེང་རོལ་རྩེད་སོགས་ནུས་པ་གཅིག་ཏུ་འདུས་ཤིང་། དེ་ནི་སྣོད་བཅུད་བཟོ་ལས་དང་སྤྲོ་གསེང་ཡུལ་སྐོར་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྟེན་ཞིག་ཡིན་པ་རེད།

    མིག་སྔར་སྣོད་བཅུད་གླིང་གིས་རྫོང་ཡོངས་སུ་ཐད་འཚོང་ས་ཚིགས་གསུམ་བཙུགས་ཡོད་པ་དང་། ཀྲུའུ་ཞའོ་ལིས་དེའི་གྲས་ཀྱི་ས་ཚིགས་གཅིག་གཉེར་སྐྱོང་བྱེད་བཞིན་ཡོད། ཁོང་གིས“གླིང་གིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་10པ་ཙམ་ལ་སྔོ་ཚལ་སོས་པ་སྐྱེལ་གྱི་ཡོད་པ་དེ་དག་སྤྱིར་བཏང་དུ་ཉིན་གཅིག་ལ་བཙོངས་ཐུབ་ཀྱི་ཡོད། སྔོ་ཚལ་སོས་པ་སོས་རྐྱང་ཡིན་པས་ཚང་མས་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

    དེ་དང་ཆབས་ཅིག་སྟེང་ཆེན་རྫོང་ཅིན་ཕོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས“སྲིད་གཞུང་དང་། ཁེ་ལས། (ཚན་ཞིབ་སྒྲིག་གཞི) མཉམ་ལས་ཁང”བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་སྤྱད་དེ་གླིང་ལ་དོ་དམ་བྱེད་པ་དང་། ཁེ་ལས་ཀྱིས་ལྟེ་བར་བྱེད་པ་དང་ཞེ་གཞུང་ཤང་གི་དམངས་ཕན་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལས་སྟེགས་སུ་བྱས་ནས་ཞིང་འབྲོག་པ་སྔོ་ཚལ་འདེབས་འཛུགས་དང་གླིང་གི་དོ་དམ་ལ་ཞུགས་རྒྱུར་སྐུལ་ལྕག་བྱས་པ་བརྒྱུད། རྣམ་གྲངས་དེ་སྟེང་ཆེན་གྱི་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་ཞིང་འབྲོག་པ་ཁྲོམ་རའི་འགྲན་རྩོད་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི་ལས་སྟེགས་གལ་ཆེན་ལ་གྱུར་ཡོད། 2018ལོར་ཞེ་གཞུང་ཤང་དམངས་ཕན་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་རྒྱལ་ཁབ་རིམ་པའི་ཞིང་པའི་མཉམ་ལས་ཁང་གི་དཔེ་སྟོན་ཁང་དུ་གཏན་འཁེལ་བྱས་པ་རེད།

    སྟེང་ཆེན་རྫོང་ཅིན་ཕོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཅིང་ལི་ཅ་ཧྲི་པོས་གསར་འགོད་པར། ཁེ་ལས་ཀྱིས་གླིང་གི་ས་ཆ་མུའུ་116ནང་བཤུག་བྱས་ཏེ་མི་སེར་ཚོར་ས་ཞིང་ནས་འབབ་འཕར་ཡོང་བར་བྱས་པ་དང་ཆབས་ཅིག་མཉམ་ལས་ཁང་གིས་ཁོངས་མི་17གླས་ཏེ་མི་རེར་ཟླ་རེར་གླ་ཆ་སྒོར་3200སྤྲོད་ཀྱི་ཡོད། དེ་དང་ཆབས་ཅིག་ཟླ་ལྔ་པ་དང་དྲུག་པར་དབྱར་རྩྭ་དགུན་འབུ་འཐུ་རིང་ཁོངས་མི་སོ་སོར་དབྱར་རྩྭ་དགུན་འབུ་འཐུ་བའི་ཁ་གསབ་སྒོར་1500སྤྲད་ནས་ཁོང་ཚོས་སེམས་རྣལ་དུ་ཕབ་སྟེ་གླིང་དུ་ལས་ཀ་བྱེད་ཐུབ་པ་བྱས་ཡོད། ལོ་མཇུག་ཏུ་ད་དུང་མཉམ་ལས་ཁང་ཧྲིལ་པོར་དངུལ་སྨར་བགོ་བཤའ་རྒྱག་པ་དང་། གླིང་གི་སྔོ་ཚལ་ཐོན་འབབ་མང་དུ་ཕྱིན་པ་དང་བསྟུན་ནས་དངུལ་སྨར་བགོ་བཤའ་རྒྱག་པའི་བསྡུར་གྲངས་ཀྱང་ཆེ་རུ་གཏོང་གི་ཡོད་ཅེས་བཤད།

    ལག་རྩལ་སྣེ་གཅིག་ཤེས་ན་གསེར་བཟང་བརྒྱ་ལས་ལྷག་ཅེས་པ་ལྟར། སྟེང་ཆེན་རྫོང་ཅིན་ཕོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་དུད་ཚང་དབུལ་པོ་གཅིག་གིས་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་ན། གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།