དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-06

    ཉེ་བའི་ལོ་ཤས་རིང་ལྷ་རྩེ་རྫོང་གི་མང་ཚོགས་དབུལ་པོའི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔར་ལྷ་རྩེ་རྫོང་གི་འགག་སྒྲོལ་དམག་འཐབ་ཀྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བའི་ལས་འགན་ཞིང་འབྲོག་ཁུལ་དུ་གནས་ཡོད། 

    ལྷ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་དབུལ་སྒྲོལ་འགག་སྒྲོལ་ནི་དམག་འཐབ་དྲག་པོ་ཞིག་ཡིན་པ་དང་། ཤིན་ཏུ་དབུལ་བའི་རྫོང་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་ནི་དམག་འཐབ་དྲག་པོའི་ཁྲོད་ཀྱི་དྲག་པོ་རེད། ལྷ་རྩེ་རྫོང་གིས་རང་སྐྱོང་ལྗོངས་ཀྱི་དབུལ་ཞྭ་ཕུད་རྒྱུའི་རྫོང་19ཡི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང“ཚད་ལོན་གཅིག”གི་དམིགས་ཚད་ལ་དམ་པོར་དམིགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལེགས་ཆ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་ཡིན་ཞེས་བཤད་པ་རེད། 

    ཁྲེན་ཀང་གིས་ངོ་སྤྲོད་བྱས་དོན། ལྷ་རྩེ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་སྲིད་འགོ་ཁྲིད་ཨང་དང་པོས་འགན་འཁྲི་གཙོ་བོ་འཁུར་བའི་ལས་ཀའི་འགན་འཁྲི་མཐའ་འཁྱོངས་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་བྱེད་པ། ཞན་ཆ་གསབ་རྒྱུ་ཚད་བརྒལ་སར་བྱེད་པ། འདེགས་སྐྱོར་འགན་ལེན་མ་ལག་བསྐྲུན་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དང་ཀུན་སེམས་གཅིག་སྒྲིལ་གྱིས་དཀའ་སེལ་བྱ་རྒྱུ་ཡིན་པ་སྟེ། 

    གཅིག་ནས་སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་ལམ་ལུགས་ཁག་དམ་འཛིན་བྱ་གཞིར་བྱེད་པ་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐིལ་ཕྱིན་ལོན་པ་དང་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱས་ནས་འགན་འཁྲི་ཤེས་པ་དང་། འཇོན་ཐང་ཤེས་པ། ངར་ཤུགས་འཕེལ་བ་བཅས་བྱེད་རྒྱུ་དང་། གཉིས་ནས་སྲིད་ཇུས་སྒྲོག་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གསུམ་པས་དུད་ཚང་དུ་བསྐྱོད་ནས་ཚོད་ལྟའི་དཔྱད་དཔོག་བྱེད་སྐབས་མང་ཚོགས་ཚོས་དབུལ་སྐྱོར་སྲིད་ཇུས་ལ་ཁྱོན་ཡོངས་ནས་གོ་བ་མི་ལོན་པ་དང་གསལ་པོ་མི་ཤེས་པ་རྣམས་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སོགས་ཐད་ཀྱི་གནད་དོན་དང་ཟུང་འབྲེལ་བྱེད་པ་དང་།  སྲིད་ཇུས་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་སུ་འཇུག་དགོས། གསུམ་ནས་རྨང་གཞིའི་རྩིས་ཁྲ་འཐུས་སྒོ་ཚང་དུ་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྨང་གཞིའི་ཆ་འཕྲིན་གྱི་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་དང་སྔོན་འགྲོའི་རང་བཞིན་གྱི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་ཚད་གཞི་ནན་དུ་གཏོང་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྨང་གཞིའི་ཆ་འཕྲིན་གྱི་རྩིས་ཁྲ་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་གསུམ་པའི་དཔྱད་དཔོག་ཞིབ་བཤེར་ལ་བསུ་བ་ཞུ་ཆེད་གནད་ལ་སྨིན་པའི་གྲངས་གཞིའི་གཞི་འཛིན་ས་མཁོ་འདོན་བྱེད་རྒྱུ། བཞི་ནས་གནད་སྨིན་ཞབས་ཞུ་ལེགས་སུ་བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དམིགས་པ་དང་། གཅིག་གཏད་གཅིག་གིས་སློབ་གསོ་ཁྲིད་སྟོན་བྱེད་པ། གནད་སྨིན་ཇུས་བསྟར་བཅས་བྱས་ཏེ་ཐོན་ལས་ཞབས་ཞུ་དང་། རྩལ་ནུས་གསོ་སྦྱོང་། མཉམ་ལས་རྩ་འཛུགས། ངལ་ནུས་ཕྱིར་གཏོང་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྔ་ནས་ཞན་ཆའི་གནད་དོན་ཐག་གཅོད་བྱས་ཏེ་ས་ཐག་རིང་ལ་ས་བབ་མཐོ་བའི་རང་བྱུང་གྲོང་ཚོར་དགུན་དུས་ཆུ་ལེན་དཀའ་བར་དམིགས་ནས་མ་དངུལ་བརྩོན་ལེན་ཧུར་ཐག་གིས་དྲོད་སྲུང་བྱེད་ཐབས་སྤྱད་དེ་མང་ཚོགས་ཆུ་ལེན་རྒྱུར་སྟབས་བདེ་བསྐྲུན་པ་དང་དུས་མཚུངས། མང་ཚོགས་ཀྱི་གཏོར་སྐྱོན་ཕོག་པའི་ཁང་པ་བརྟན་གཏོང་སྒྱུར་བཀོད་དང་གསར་སྐྲུན་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུར་ཁྲིད་སྟོན་དང་རོགས་རམ་གང་ཐུབ་བྱས་ཏེ་འདི་ལོའི་ཟླ་ལྔ་པའི་ཟླ་མཇུག་གོང་ཚང་མ་ལེགས་འགྲུབ་ཐུབ་རྒྱུའི་བརྩོན་ལེན་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་རྒྱུ་བཅས་རེད། 

    ལྷ་རྩེ་རྫོང་ངོ་སྤྲོད་མདོར་བསྡུས། 

    ལྷ་རྩེ་རྫོང་ལ་ཤང་དང་གྲོང་རྡལ་11དང་། སྲིད་འཛིན་གྲོང་ཚོ་98ཡོད་པ། མི་འབོར་བསྡོམས་ཁྲི་6.2ཡོད། དེ་ནི་རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་44ཡི་གྲས་ཤིག་ཡིན། 2016ལོ་ནས་བཟུང་ལྷ་རྩེ་རྫོང་དུ་རིམ་རྩིས་བྱས་ན། དུད་ཚང་1768ཀྱི་མི་གྲངས་7323དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་29དབུལ་སྒྲོལ་ཐུབ་པ། དབུལ་པོ་ཐོན་ཚད་28.54%ནས་10.33%བར་ཆག་པ་བཅས་རེད། 2019ལོར་དུད་ཚང་1280ཡི་མི་གྲངས་5366དབུལ་སྒྲོལ་དང་། དུད་ཚང་118ཀྱི་མི་གྲངས་204ཐ་སྐྱོང་བ། གྲོང་ཚོ་དབུལ་པོ་69དབུལ་སྒྲོལ་བཅས་བྱས་ཏེ་རྫོང་དབུལ་པོའི་དབུལ་ཞྭ་ཕུད་རྒྱུའི་འཆར་གཞི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།