དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་འབྲོག་ཁུལ་དུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-05

    ལྔ་གཅིག་ངལ་གསོའི་རིང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་འབྲོག་ཁུལ་དུ་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དུས་ཚིགས་ཡག་ཤོས་ཡིན་པ་དང་། རྒྱ་ཚ་རྫོང་ཚེ་ཆུ་ཤང་ནས་འབའ་ཤང་གི་ས་བབ་མཐོ་ཚད་སྨི་4300ནས་5200བར་གྱི་རི་རྩེའི་ཁ་བའི་གཤམ་གྱི་ན་ཁའི་ཐོག་འབྲོག་ཁུལ་གྱི་མང་ཚོགས་ཚོས་དེ་གར་གུར་ཕུབ་སྟེ་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལས་ལ་བྲེལ་བཞིན་ཡོད། དབྱར་རྩྭ་དགུན་འབུ་ནི་ནག་ཆུ་དང་ལྷོ་ཁ་སོགས་འབྲོག་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་པའི་ཡོང་འབབ་ཡོང་ཁུངས་གལ་ཆེན་ལ་གྱུར་ཡོད།

    618648_yis_1556941702270.jpg

     དབྱར་རྩྭ་དགུན་འབུའི་སྔོག་འཐུར་ཟླ་གཅིག་ལྷག་ཙམ་འགོར་གྱི་ཡོད་པས། རྒྱ་ཚ་རྫོང་ཚེ་ཆུ་ཤང་གི་སྔོག་འཐུ་བྱེད་ས་ཁག་ཏུ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ཡོད་པ།

    618650_yis_1556941702691.jpg

    ཚེ་ཆུ་ཤང་གི་འབྲོག་པ་ལྷ་མོས་བུ་མོ་འཁྲིད་དེ་གངས་བཞུར་མ་ཐག་པའི་རི་ལྡེབ་ཀྱི་ན་ཁའི་ཐོག་གོག་བགྲོད་བརྒྱབ་ནས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།

    618649_yis_1556941702426.jpg

    དབྱར་རྩྭ་དགུན་འབུ་མཐོང་མ་ཐག་ལྷ་མོས་རྐོ་མ་འཁྱེར་ནས་གཟབ་ནན་ངང་དབྱར་རྩྭ་དགུན་འབུ་བཀོག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།