དབུ་ཤོག>ཞིང་འབྲོག་གསར་པ།
  • མི་རིགས་ཀྱི་ལག་ཤེས་དེ་ཕྱུག་འགྱུར་གྱི “ནོར་བུར”འགྱུར་བ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-05

    ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨུད་དཔལ་ཤང་ཨུད་དཔལ་གྲོང་ཚོར་སྔར་ནས་བཟུང“ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་ཡོད་ཅིང་། འཇོ་མདའི་ཁྱད་ཆོས་དོད་པའི་མི་རིགས་ཡུལ་སྲོལ་དང་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱི་རྒྱུན་འཛིན་བཞིན་པ་དང་། 2015ལོར་ཡུལ་དེ་གར་རྫ་ཆུ་མི་རིགས་ལག་ཤེས་བཟོ་རྩལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

    ད་ལོར་ལོ་46ལོན་པའི་ཁྱི་ཕྲུག་ནི་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་ལ་ཐག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་སྣེ་ཁྲིད་པ”རེད།

    ཁྱི་ཕྲུག་དང་འཕྲད་སྐབས། ཁོང་གིས་ལས་སྣོན་ཁང་དུ་སྐུ་དང་ཆང་སྣོད་སོགས་ཟངས་ཆས་འབྱིད་སྟངས་སྐོར་ལས་མིར་མཛུབ་ཁྲིད་བྱེད་བཞིན་ཡོད་པ་དང་། འགྲེལ་བཤད་བརྒྱབ་ཚར་རྗེས་ཁོང་ལམ་སེང་སོ་སོའི་ཁང་པར་ལོག་ནས་རྩིས་ཐོ་ཞིག་བཏོན་ཏེ་ཞིབ་ལྟ་བྱེད་འགོ་ཚུགས། “2017ལོའི་ཟླ་4པར་ཁེ་སྤོགས་དངུལ་སྨར་སྒོར་ཁྲི་44.08དང་2018ལོའི་ཟླ་2པར་སྒོར་ཁྲི་45བགོས་ཡོད། ད་ལོའི་ལོ་སྟོད་ཀྱི་ཚོང་གཉེར་གནས་ཚུལ་ལ་བལྟས་ན། ད་ལོར་དུད་ཁྱིམ་དབུལ་པོ་རེར་དངུལ་སྨར་གྱི་ཡོང་འབབ་སྒོར་5000ཡན་མང་དུ་འགྲོ་ཐུབ”ཅེས་བཤད།

    ཁྱི་ཕྲུག་ནི་ལོ་14ནས་བཟུང་ཕ་དང་མཉམ་དུ་ཟངས་ཆས་རྡུང་སྟངས་སྦྱངས་ཏེ་རིམ་གྱིས་ཟངས་ཆས་བཟོ་མཁན་རྩེ་གྲར་གྱུར། 2015ལོར་ཁྱི་ཕྲུག་གིས་གྲོང་ཚོའི་ནང་རྫ་ཆུ་མི་རིགས་ལག་ཤེས་བཟོ་རྩལ་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུའི་སེམས་ཐག་བཅད་པ་དང་། སྔོན་ལ་དུད་ཁྱིམ་དབུལ་པོའི་ངལ་རྩོལ་པ་ལྷག་མ་གླས་ཁར་དངོས་སུ་མཛུབ་ཁྲིད་དང་ལས་ཀ་བརྒྱུད་ནས་སྦྱོང་བརྡར་བྱས་པས་ལས་མིའི་བཟོ་རྩལ་གྱི་ཆུ་ཚད་མཐོ་རུ་སོང་ཁར་ངལ་ནུས་ཀྱི་འགྲོ་གྲོན་བབ་བསྟུན་ངང་རྩིས་བརྒྱབ་པ་དང་དུས་ཐོག་ཏུ་ངལ་ནུས་ཀྱི་གླ་ཆའང་སྤྲད་པ་རེད། “དེ་ལྟར་རིམ་གྱིས་དུད་ཁྱིམ་དབུལ་པོས་རང་ངོས་ཀྱི་གནས་ཚུལ་གཞིར་བཟུང་། ཁོམ་དུས་སུ་མི་རིགས་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་དུ‘དུས་ཐུང་གླ་པ’བྱས་ཏེ་ལག་ཤེས་སྦྱོང་ཐུབ་ཁར་ཡོང་འབབ་རག་ནས་ཁྱིམ་གྱི་ཁ་སྣོན་ཡང་བྱེད་ཐུབ”ཅེས་ཁྱི་ཕྲུག་གིས་བཤད།

    ཁྱི་ཕྲུག་གི་སྣེ་ཁྲིད་འོག་ལོ་འདི་གར་ཨུད་དཔལ་ཤང་མི་རིགས་ལག་ཤེས་བཟོ་རྩལ་མཐུན་ཚོགས་ཀྱིས་ཤང་དེ་ཡོངས་སུ་ཁྱབ་གདལ་ཆེན་པོ་བཏང་བ་དང་། གྲོང་མི་40%ཡིས་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་སྐྱེད་ལག་རྩལ་བྱང་ཆུབ་པར་ཤེས་ཤིང་། དེ་ཨུད་དཔལ་ཤང་གི་ཞིང་འབྲོག་མང་ཚོགས་ཀྱི་འབབ་གཏོད་ཕྱུག་འགྱུར་གྱི“ནོར་བུར”གྱུར་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་34ཡིས་མཉམ་ལས་ཁང་དུ་ལས་ཞུགས་བྱས་ནས་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།