དབུ་ཤོག>ཞིང་འབྲོག་གསར་པ།
  • སྙེ་མོ་རྫོང་ཐོན་པ་ཤང་གིས་མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-26

     ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་ཐོན་པ་ཤང་གིས་དེང་རབས་སྙེ་མོའི“གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི”སྤྱིའི་བཀོད་སྒྲིག་དང“ཐོན་ལས་བཞི་དང་གླིང་གཉིས”ཀྱི་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་ཡུལ་སྐོར་གསར་སྤེལ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས། སྐུལ་འདེད་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཟམ་མི་ཆད་པར་བསྡུ་སྒྲིལ་དང་སྟོབས་ཆེར་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་མ་ཏན་ཏིག་བཏང་བ་རེད།

    ན་ནིང་ཐོན་པ་ཤང་གིས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་མཉམ་ལས་ཁང་བསྡུ་སྒྲིལ་བྱས་པ་དང་། ཕན་འབྲས་དེ་ཙམ་མི་ཐོན་པའི་མཉམ་ལས་ཁང་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ། ཕན་འབྲས་དང་མདུན་ལམ་བཟང་པའི་མཉམ་ལས་ཁང་གཙོ་གནད་ཐོག་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་མ་ཟད། གྲོང་ཚོ་ཁག་གི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་ཁ་གསལ་བཟོས་པ་རེད། མཉམ་ལས་ཁང་བསྡུ་སྒྲིལ་བྱས་རྗེས། ཤང་དེས་ན་ནིང་སྙེ་མོ་རྫོང་ཐོན་པ་ཤང་གི་ས་གཙང་ལྷད་མེད་ཐོན་ལས་མཉམ་ལས་ཁང་བཙུགས་པ་དང་གྲོང་ཚོ་ཁག་ཏུ་གྲོང་ཚོ་རིམ་པའི་ས་གཙང་ཐོན་ལས་མཉམ་ལས་ཁང(ཡན་ལག་ཁང)བཙུགས་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། ན་ནིང་སྙེ་མོ་རྫོང་ཐོན་པ་ཤང་གི་ས་གཙང་ལྷད་མེད་ཐོན་ལས་མཉམ་ལས་ཁང་ལ་ཁྱོན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་200ལྷག་ཙམ་བྱུང་ནས་དུད་ཚང་100ལྷག་ཙམ་སྣེ་ཁྲིད་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། དབུལ་སྒྲོལ་དུད་ཚང་། མཐའ་ལུས་དུད་ཚང་སོགས་45ཡི་སྣེ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5500བྱུང་ཡོད་པ་རེད།

    གདོང་ལེན་དཔེ་སྟོན་མཐའ་འཁྱོངས་ཀྱིས་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ནུས་པ་བཏོན་ཞིང་། ཏང་ཡོན་ལས་བྱེད་པ་7གཏན་འཁེལ་བྱས་ཏེ་ཀུང་སི(མཉམ་ལས་ཁང)དང་ཤང་ཁོར་ཡུག་འཕྲོད་བསྟེན་རུ་ཁག་གི་ཏང་འཛུགས་སྐྱོང་གི་འགན་གཅིག་ལྕོགས་འཁུར་དུ་བཅུག་ནས་སྲ་ཞིང་བརྟན་པའི་ཏང་རྩ་འཛུགས་བསྐྲུན་ནས་ཀུང་སི(མཉམ་ལས་ཁང)འཕེལ་རྒྱས་སྟོབས་ཆེར་གཏོང་བའི་གཡས་སྲུང་གཡོན་སྐྱོར་དུ་བྱེད་པ་དང་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་སོགས་ལས་ཀའི་ཁྲོད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད། 2018ལོར་ཤང་དེར་ཁྱོན་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་8ཡོད་པ་དང་དྲང་ཕྱོགས་ནས་སྐུལ་མ་གཏོང་བ་དང་ཞོར་དུ་ཁྲིད་སྟོན་བྱེད་པའི་བྱེད་ཐབས་བརྒྱུད་ཁོང་ཚོར་སྔ་རྗེས་སུ་སྤོས་ཀྱི་མཉམ་ལས་ཁང་དང་། བོད་བྱའི་མཉམ་ལས་ཁང་། བུད་མེད་མཉམ་འབྲེལ་གྱི་ཁྱད་ལྡན་ཐོན་ལས་ཁང་སོགས་མཉམ་ལས་ཁང་6འཛུགས་རོགས་བྱས་པ་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐོང་འཐེན། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་བཏོན་ཏེ་ཁྱོན་ཤང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་25ལས་ཞུགས་ཐུབ་པ་དང་ཕྱུག་པོ་ཆགས་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་5500ཡན་ཡོང་བའི་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།