དབུ་ཤོག>ཞིང་འབྲོག་གསར་པ།
  • མཁའ་འགྲུལ་ས་བོན་གསོ་སྤེལ་གྱིས་གངས་ལྗོངས་ས་མཐོའི་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-04-26

    ཟླ་བཞི་པའི་ཟླ་དཀྱིལ་དུ། མཁའ་འགྲུལ་ས་བོན་གསོ་སྤེལ་གྱི་ཀྲོ་མ་ཀྲུ་དང་། ནན་ཀྭ། ཤིས་ཀྭ་སོགས་ཀྱི་ཤིང་འབྲས་དང་སྔོ་ཚལ་གྱི་མྱུ་གུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་ཀྱི་མཁའ་འགྲུལ་ས་བོན་གསོ་སྤེལ་དང་དེ་བཞིན་ཐོན་ལས་ཅན་གྱི་ཁྱབ་གདལ་འཛུགས་སྐྲུན་རྣམ་གྲངས་གླིང་དུ་མཁའ་ཐོག་སྐྱེལ་འདྲེན་བྱས་ཡོད། འདེབས་འཛུགས་བྱས་པ་བརྒྱུད། མིག་སྔར་ཤིང་འབྲས་དང་སྔོ་ཚལ་གྱི་མྱུ་གུ་དེ་དག་མུའུ་9ཡི་དྲོད་ཁང་9ཡི་ནང་ཚང་མ་བཏབ་ཟིན་པ་རེད།

    པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་འཛུགས་སྐྲུན་བྱས་པའི་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་ཀྱི་མཁའ་འགྲུལ་ས་བོན་གསོ་སྤེལ་དང་དེ་བཞིན་ཐོན་ལས་ཅན་གྱི་ཁྱབ་གདལ་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་5509བཏང་བས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མཉམ་ལས་ཁང་གི་མི་གྲངས་1211ལས་ཞུགས་འབབ་འཕར་དང་རྩལ་ནུས་གསོ་སྦྱོང་ནང་ཞུགས་ནས་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་125ལ་སྒྲིག་ཆས་ཀྱི་ཞིང་ལས་ཐོན་སྐྱེད་ལ་སྣེ་ཁྲིད་བྱ་རྒྱུ་དང་འབྲེལ་ཡོང་འབབ་མང་པོ་ཡང་ཐོབ་རེ་ཡོད་པ་རེད།

    616241_yis_1556164836107_b.jpg

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་དྲོད་ཁང་ནང་ངལ་རྩོལ་བྱེད་བཞིན་པ།

    616239_yis_1556164835795_b.jpg

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་ཀྱི་མཁའ་འགྲུལ་ས་བོན་གསོ་སྤེལ་དང་དེ་བཞིན་ཐོན་ལས་ཅན་གྱི་ཁྱབ་གདལ་འཛུགས་སྐྲུན་རྣམ་གྲངས་ཀྱི་དྲོད་ཁང་ཡིན་པ།

    616240_yis_1556164835935_b.jpg

    འདི་ནི་སྙེ་མོ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་དྲོད་ཁང་ནང་ཀྭ་རིགས་སྐྱེ་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།