ཤང་དེར་བོད་སྤོས་བཟོ་མཁན་དུད་ཚང་271ཡོད་པ་དང་སྲོལ་རྒྱུན་གྱི་བོད་སྤོས་བཟོ་རྩལ་གྱི་ཆེད་ལས་མི་སྣ་525ཡོད་པ་མ་ཟད། ད་དུང་ཐོན་པའི་ཆུ་ངོགས་སུ་ཆུ་འཁོར་273ཡོད་པ།
2018ལོར་ཤང་ཡོངས་ཀྱི་བོད་སྤོས་ཐོན་ལས་ལ་ཁྱོན་ཡོང་འབབ་སྒོར་ཁྲི་1181.7ལྷག་ཙམ་བྱུང་བ་དེས་ཤང་ཡོངས་ཀྱི་ཐོན་ལས་གཉིས་པའི་སྤྱིའི་རིན་ཐང་གི་67.5%བཟུང་བ།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ནི་སྐད་གྲགས་ཆེ་བའི“བོད་ཡིག་སྲོལ་གཏོད་མཁན་གྱི་ཕ་ཡུལ་དང་། ཆུ་འཁོར་བོད་སྤོས་ཀྱི་འབྱུང་ཁུངས”རེད། 2008ལོར་ཐོན་པའི་བོད་སྤོས་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་དང་། ཐོན་པའི་བོད་སྤོས་ཀྱང་2013ལོར་རྒྱལ་ཁབ་ཀྱི་ས་ཁམས་སྲུང་སྐྱོང་མཚོན་རྟགས་ཀྱི་ཐོན་རྫས་ནང་རེ་ཞུ་ཐུབ་པ་རེད།
ཐོན་པ་ཤང་གིས་ད་བར་དུ་སྲོལ་རྒྱུན་གྱི་བོད་སྤོས་བཟོ་རྩལ་ཆ་ལག་ཚང་བའི་སྒོ་ནས་ཉར་ཚགས་བྱས་ཡོད་པ་དང་། དེ་གའི་གྲོང་མི་ཚོས་མི་རབས་ནས་མི་རབས་བར་བོད་སྤོས་བཟོ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཤང་དེར་བོད་སྤོས་བཟོ་མཁན་དུད་ཚང་271ཡོད་པ་དང་སྲོལ་རྒྱུན་གྱི་བོད་སྤོས་བཟོ་རྩལ་གྱི་ཆེད་ལས་མི་སྣ་525ཡོད་པ་མ་ཟད། ད་དུང་ཐོན་པའི་ཆུ་ངོགས་སུ་ཆུ་འཁོར་273ཡོད་པ་རེད། བོད་སྤོས་ཐོན་ལས་ནི་ཐོན་པ་ཤང་གི་ཀ་རྟེན་ཐོན་ལས་གལ་ཆེན་ཞིག་ཡིན་ཞིང་། 2018ལོར་ཤང་ཡོངས་ཀྱི་བོད་སྤོས་ཐོན་ལས་ལ་ཁྱོན་ཡོང་འབབ་སྒོར་ཁྲི་1181.7ལྷག་ཙམ་བྱུང་བ་དེས་ཤང་ཡོངས་ཀྱི་ཐོན་ལས་གཉིས་པའི་སྤྱིའི་རིན་ཐང་གི་67.5%བཟུང་བ་རེད།
ཉེ་བའི་ལོ་ཤས་རིང་། ཐོན་པ་ཤང་གིས་སྙེ་མོ་རྫོང་གི“ཐོན་ལས་བཞི་དང་གླིང་ཁུལ་གཉིས”ཀྱི་འཕེལ་རྒྱས་བཀོད་པར་དམ་པོར་དམིགས་པ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི“རིགས་སྣ་བཞི་དང་ཁྱད་ཆོས་གཅིག”གི་འཕེལ་རྒྱས་འཆར་འགོད་ལ་དམིགས་ནས་བོད་སྤོས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཐོན་ལས་རིམ་སྤོར་ལེགས་སྒྲིག་བྱས་པ། སྤུས་རྟགས་ཀྱི་སྙན་གྲགས་ཆོད་ཚད་ཆེ་རུ་བཏང་བ། ལས་ཀའི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ་སྙེ་མོ་ཐོན་པའི་བོད་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སིའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
མིག་སྔར་ཀུང་སི་དེས“སྙེ་མོ་ཐོན་པའི་བོད་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སི་+ཐོན་པ་ཤང་གི་བོད་སྤོས་ཞིང་པའི་ཆེད་ལས་མཉམ་ལས་ཁང་+གནད་སྨིན་དབུལ་སྐྱོར་ལས་ཀའི”གཉེར་སྐྱོང་གི་ཐབས་ལམ་སྤྱད་ཅིང་། རྐང་བདག་དུད་ཚང་35ཡོད་པ་དང་དུད་ཚང་རེ་ནས་ལས་མི་རེ་ཡོད། ཀུང་སིའི་དོ་དམ་མི་སྣ་5ཉིན་ལྟར་ལས་ཀར་ཡོང་བ་ཕུད། དེ་མིན་གྱི་ལས་མི་30ཡིས་མི་10རེ་བྱས་ཏེ་ཚོགས་ཆུང་གསུམ་དུ་བགོས་ནས་རེས་མོས་ངང་ལས་ཀ་བྱེད་པ་དང་། ལས་ཀའི་སྐར་ཐོ་ནན་པོ་རྒྱག་གི་ཡོད་པ་དང་ཚོགས་ཆུང་རེར་ཙུའུ་ཀྲང་རེ་ཡོད་པ་དེ་ཡང་ཀུང་སིའི་ཏང་ཡོན་གྱིས་འགན་འཁུར་གྱི་ཡོད་པ་རེད།
“གྲོང་མིས་ཐོན་ལས་ཀྱི་འདེགས་སྐྱོར་ལྡན་པའི་འཚོ་བ་སྐྱེལ་བ་དང་བོད་སྤོས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་ཆེད། སྙེ་མོ་ཐོན་པ་བོད་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱེད་རིང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ‘ཏང་ཀྲི་པུའུ་+ཀུང་སི་+མཉམ་ལས་ཁང་+ཞིང་དུད’བཅས་ཀྱི་རྣམ་པ་བརྒྱུད་མ་རྐང་ལམ་ལུགས་ཀྱི་རང་བདག་གཉེར་སྐྱོང་ལག་བསྟར་བྱས་པ་དང་འབྲེལ། ‘ལམ་སྲོལ་ཆེན་པོ་བཞི’བཙུགས་ནས་མང་ཚོགས་བོད་སྤོས་ཐོན་ལས་ཁྲོད་ཞུགས་པར་སྣེ་ཁྲིད་དང་སྐུལ་ལྕག་ཧུར་ཐག་བྱས་པས། འབབ་འཕར་ཕྱུག་འགྱུར་བྱུང་ཡོད”ཅེས་ཐོན་པ་ཤང་གི་ཤང་ཀྲང་ཀྲང་ཞུས་ཀང་གིས་ངོ་སྤྲོད་བྱས།
ད་ཆ་ཐོན་པ་ཤང་གིས་སྙེ་མོ་ཐོན་པ་བོད་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སིས་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་བྱེད་པ་དང་། ལག་རྩལ་གྱིས་ཁྲིད་སྟོན་བྱེད་པ། འཇོན་ཐང་ཅན་གྱིས་གཉེར་སྐྱོང་བྱེད་པ་དང་། དེ་བཞིན་དུད་ཚང་དབུལ་པོ་གཙོ་བོར་བྱས་པའི“ལམ་སྲོལ་བཞི”བཙུཌ་པའི་ཉམས་མྱོང་ལེགས་པོར་བརྟེན་ནས་ཤང་ཡོངས་ཀྱི་མཉམ་ལས་ཁང་གཞན་དག་ཁྲོད“ལམ་སྲོལ་བཞི”རིམ་བཞིན་བཙུགས་པ་དང་། གྲོང་ཚོ་ཁག་གི་ཧྲུའུ་ཅི་དང་པོའི་འགན་འཁྲི་གཙོ་བོ་ཁ་གསལ་བཟོས་ཐོག དུད་ཚང་དབུལ་པོ་དེ་བས་མང་བར་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།