དབུ་ཤོག>ཞིང་འབྲོག་གསར་པ།
  • གླ་ཚེར་བཏབ་ནས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-21

    ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས་རྒྱལ་རྩེའི་གླ་ཚེར་གྱི་ལེགས་ཆར་དམ་འཛིན་ནན་པོ་བྱས་ནས་གླ་ཚེར་གྱི་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང“རྒྱལ་རྩེའི་གླ་ཚེར”གྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་ཐོན་ལས་དབུལ་སྒྲོལ་གྱི་ལམ་བུར་བསྐྱོད་པ་རེད།

    མིག་སྔའི་བར་རྒྱལ་རྩེའི་གླ་ཚེར་ལྷ་ས་དང་། ལྷོ་ཁ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་དང་དེ་བཞིན་གཞིས་རྩེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང(ཆུས)18ལ་འཚོང་གི་ཡོད། 2018ལོ་ཁོ་ནར་རྒྱལ་རྩེའི་གླ་ཚེར་གྱི་སྡོང་ཕྲུག་ཕྱིར་ཚོང་ཚད་རྐང་ཁྲི་115.9ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་640ཟིན་ཏེ་དུས་མཚུངས་ལས་300%འཕར་ཡོད་པ་རེད།

    གླ་ཚེར་གྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཆབས་ཅིག་རྒྱལ་རྩེ་རྫོང་གིས་གླ་ཚེར་གྱི་སྡོང་ཕྲུག་རྟེན་གཞི་གཞི་རྟེན་དུ་བྱས་ཏེ་རྒྱལ་རྩེ་གྲོང་རྡལ་རྒྱང་མཁར་གྲོང་ཚོ་དང་དེ་བཞིན་མཁར་སྟོད་ཤང་གི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་གླ་ཚེར་གྱི་སྡོང་ཕྲུག་ཁྱབ་འགྱེད་ས་ཚིགས་བཙུགས་ཡོད། ཐོན་ལས་ཁྱབ་འགྱེད་ཀྱིས་དབུལ་སྒྲོལ་ལ་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་ལས་ཞུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།

    “རྟེན་གཞི་དང་། ཀྲི་པུའུ། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི”རྣམ་པ་ཁྱབ་གདལ་བཏང་བ་བརྒྱུད་རྟེན་གཞི་དང་ཁྱབ་འགྱེད་ས་ཚིགས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་དབར་ཚུར་བསྡུའི་གྲོས་མཐུན་བཞག་ནས་གྲོང་ཚོའི་ཏང་ཀྲི་པུས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྐུལ་སློང་གིས་གླ་ཚེར་གྱི་སྡོང་ཕྲུག་འཛུགས་པ་དང་། རྟེན་གཞིས་ལག་རྩལ་མི་སྣ་དུས་བཀག་ལྟར་ཁྱབ་འགྱེད་ས་ཚིགས་སུ་ལག་རྩལ་སློབ་ཁྲིད་བྱེད་པར་མངགས་གཏོང་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་260ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་4000ལྷག་ཙམ་ཡོང་རྒྱུའི་སྐུལ་ཁྲིད་བྱས་པ་རེད།

    གཞན་ཡང་རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན་བཅས་དང་ངལ་རྩོལ་ནུས་ཤུགས་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དམིགས་ནས་རྟེན་གཞིས“རང་བརྟེན”ཧུར་ཐག་བྱས་པ་རེད། 2018ལོར་རྟེན་གཞིས་ངལ་རྩོལ་ནུས་ཤུགས་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་350ཡི་མི་རེར་ལོ་རེར་དངུལ་སྨར་སྒོར་1500སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་རྩེ་རྫོང་གི་གླ་ཚེར་སྡོང་ཕྲུག་རྟེན་གཞིས་མ་དངུལ་གཏོང་ཤུགས་སྔར་བས་་ཆེ་རུ་བཏང་ནས་འདེབས་ཁྱོན་ཆེ་རུ་བཏང་སྟེ་ཐོན་ལས་ཀྱིས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུ་རེད། 2019ལོར་རྒྱལ་རྩེའི་གླ་ཚེར་སྡོང་ཕྲུག་རྟེན་གཞིས་མ་དངུལ་སྒོར་ཁྲི་6400བཏང་ནས་སྡོང་ཕྲུག་རྐང་ཁྲི་900བཏབ་སྟེ་སྔོན་དཔག་བྱས་ན་དུད་ཚང་དབུལ་པོའི་མི་གྲངས་938ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།