དབུ་ཤོག>ཞིང་འབྲོག་གསར་པ།
  • ག་བཏང་གོ་ཆོད་ཀྱི་ཧྲུའུ་ཅིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོའི་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-19

    “འདི་ནི་འཇང་མི་རིཌ་ཤང་ལྕགས་རྟ་གྲོང་ཚོའི་ཚྭ་ཞིང་རེད། གྲོང་མི་ཚོས་ཉིན་ལྟར་དེ་གར་ཚྭ་སྐམ་གྱི་ཡོད། ཚྭ་ལ་བརྟེན་ནས་གྲོང་མི་མང་དག་ཅིག་དབུལ་སྒྲོལ་ཐུབ་པས་དེ་ནི་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པའི་ཐོན་ལས་ཤིག་རེད”ཅེས་ལོ་53ལ་སླེབས་པའི་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དོན་ལྡན་གྱིས་གྲོང་ཚོའི་ཚྭ་ཞིང་སྐོར་གླེང་བཞིན་ཡིད་ཆེས་ཀྱིས་ཁེངས་ཡོད།

    ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཚྭ་ནི་ལྕགས་རྟ་གྲོང་ཚོའི་གྲོང་མིའི་འབབ་ཁུངས་གཙོ་བོའི་གྲས་ཤིག་རེད། ན་ནིང་གྲོང་མི་ཚོ་སྐལ་བཟང་དོན་ལྡན་གྱི་སྣེ་ཁྲིད་འོག ཚྭ་སྐམ་ཚྭ་བཟོའི་ལས་ལ་གཞོལ་ནས་ཡོང་འབབ་མི་དམན་པ་ཞིག་རག་པར་བརྟེན་ད་ཆ་ཚང་མའི་ཧུར་སེམས་འཕེལ་ནས་བློ་གཅིག་སེམས་གཅིག་ངང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད་ཅེས་བཤད།

    གྲོང་མིའི་སེམས་ནང་སྐྲ་ལོ་དུང་ལྟར་དཀར་བའི་ཧྲུའུ་ཅི་སྐལ་བཟང་དོན་ལྡན་ནི་ག་བཏང་གོ་ཆོད་ཀྱི་ཧྲུའུ་ཅི་ཞིག་རེད། ཁོང་ལ་ཐབས་ཤེས་མང་ལ་བློ་རྒྱ་ཆེ་བས། གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད། ཐབས་དང་ཇུས་མི་ཉུང་བ་ཞིག་བཏོན་ཡོད། ཚྭ་ཁ་ལྷོའི་རྒྱུད་དུ་ཚྭ་ཞིང་མྱོང་རོལ་གྱི་ཡུལ་སྐོར་ལས་དོན་གཉེར་ནས་མང་ཚོགས་ཕྱུག་པོའི་ལམ་དུ་འཁྲིད་རྒྱུ་དེ་ཡང་ཁོང་གིས་བཏོན་པའི་ཐབས་བཟང་ཞིག་རེད།

    “ང་ཚོའི་གྲོང་ཚོའི་ཚྭ་སྐམ་ས་དེ་རྒྱལ་ལམ་214རྫ་ཆུའི་ཤར་ནུབ་ངོགས་གཉིས་སུ་གནས་ཡོད། མི་མང་པོས་གནའ་བོའི་ཚྭ་སྐམ་སྟངས་མཐོང་མྱོང་མེད། དེ་ནི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཤིག་རེད་ལ། ང་ཚོའི་ཁྱད་ཆོས་ཞིག་ཀྱང་རེད། དེར་བརྟེན་ངས་ཡུལ་སྐོར་ལས་དོན་གཉེར་རྒྱུའི་བསམ་བློ་ཡོད”ཅེས་སྐལ་བཟང་དོན་ལྡན་གྱིས་བཤད།

    ཡུན་རིང་མ་སོང་བར། ཚྭ་ཁ་ལྷོའི་ཚྭ་ཞིང་མྱོང་རོལ་གྱི་ཡུལ་སྐོར་ལས་དོན་ལྕགས་རྟ་གྲོང་ཚོར་སྤེལ་འགོ་ཚུགས། གྲོང་མི་མི་ཉུང་བ་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་མགྲོན་ཁང་གཉེར་བས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་ཉུང་བ་ཞིག་ལ་ཡོང་འབབ་རག་སྟེ་འཚོ་བ་མངོན་གསལ་དོད་པོ་ལེགས་སུ་ཕྱིན་ཡོད།

    ཁོང་གི་སྣེ་ཁྲིད་འོག གྲོང་ཚོའི་མང་ཚོགས་དུད་ཚང་64ཡིས་རྒུན་འབྲུམ་མུའུ་67.24བཏབ་པ་དང། མང་ཚོགས་དུད་ཚང་111གིས་ཀུ་ཤུ་དང་། ཚ་ལུ་མ། སེ་འབྲུ་སོགས་མུའུ་371.39བཏབ་ཡོད།

    ད་ཆ་ལྕགས་རྟ་གྲོང་ཚོས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱེད་པ་དང་ཚྭ་ཚོང་རྒྱག་རྒྱུ་གཞོགས་འདེགས་སུ་བྱས་ཏེ“གཉིས་ལྡན་དུད་ཚང”ཚན་པར་བྱས་ནས“གཉིས་ལྡན་དུད་ཚང”རེས་ཉིན་གསུམ་རེས་སྐོར་བྱས་ནས་ཚྭ་ཚོང་བ་དང་ཡུལ་སྐོར་སྣེ་ཤན་པ་བྱེད་དུ་བཅུག་ནས་དངུལ་སྨར་ཡོང་འབབ་འཕར་བ་བྱས་ཡོད།

    མིག་སྔའི་བར། ལྕགས་རྟ་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་7ཕུད། དེ་བྱིངས་ཀྱི་དུད་ཚང་དབུལ་པོ་ཚང་མས་ཁ་རུབ་བོད་ཕག་གསོ་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་76ནང་དུད་ཚང་32ཀྱིས་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་ཡོད། ད་ཆ་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་2016ལོའི་སྒོར་3000ནས་སྒོར་4300བར་འཕར་ཡོད། ག་ཐང་གོ་ཆོད་ཀྱི་ཧྲུའུ་ཅིའི་སྣེ་ཁྲིད་འོག ལྕགས་རྟ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།