མདོ་གནད།
ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་གི་གནད་དོན་ཐག་གཅོད་ལ་དམིགས་ཏེ་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་ལས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་འགན་ལེན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་པ།
ཉེ་ཆར། ཁྱིམ་ཚང་སྨན་པ་ཧན་ཅིང་ལ་ཞོལ་སྡེ་ཁུལ་གྱི་གྲོང་མི་རྒན་རྒོན་ཉི་མ་སྒྲོལ་དཀར་གྱི་ཁ་པར་ཞིག་འབྱོར། ཁ་པར་བཞག་མ་ཐག་ཁོང་གིས་སྨན་ཁུག་ཁྱེར་ནས་ལས་གྲོགས་དང་མཉམ་དུ་ཕྱིར་སྨན་བཅོས་བྱེད་པར་བསྐྱོད། ཁྲེང་ཀོན་ཆུས་ཀུན་བདེ་གླིང་སྲང་ལམ་དོན་གཅོད་ཁང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་པ་ཧན་ཀྲེང་དང་ལས་གྲོགས་བདུན་པོ་ནི་རྒྱ་མཚོ་སྡེ་ཁུལ་དང་། ཞོལ་སྡེ་ཁུལ། བདེ་སྐྱིད་སྡེ་ཁུལ། ལྷ་ཀླུ་སྡེ་ཁུལ་བཅས་སྡེ་ཁུལ་བཞིའི་གྲོང་མི་དང་གན་རྒྱ་འཇོག་མཁན་ཁྱིམ་ཚང་སྨན་པ་རེད།
ཁྱིམ་ཚང་སྨན་པའི་ཚོགས་པ་དེས་དུས་བཀག་བཞིན་གྲོང་མིའི་སྒོ་རྩར་ཞབས་འདེགས་ཞུ་བར་བསྐྱོད་པ་ལས་གྲོང་མི་ཚོས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་སྨན་བཅོས་ཞབས་ཞུ་ཁག་13ལོངས་སྤྱོད་ཐུབ་པ་མ་ཟད། ད་དུང་རང་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཐུབ་པར་སྟབས་བདེ་བསྐྲུན་ཡོད་པ་རེད།
2018ལོར། ལྗོངས་ཡོངས་སུ་ཁྱིམ་ཚང་སྨན་བཅོས་ཚོགས་པ་9705བཙུགས་པ་དང་། མི་གྲངས་ཁྲི་170ལྷག་ཙམ་དང་གན་རྒྱ་བཞག་པ། ཁྱིམ་ཚང་སྨན་པའི་གན་རྒྱ་ཁྱབ་ཚད་52.91%ཟིན་པ། གཙོ་གནད་མི་ཚོགས་དང་གན་རྒྱ་བཞག་ནས་ཞབས་འདེགས་ཞུ་ཚད་70%ལྷག་ཙམ་ཟིན་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིལ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་ཁུངས་བཙན་དངོས་དཔང་ཞིག་ཡིན་པ་རེད།
སྨན་བཅོས་ཞབས་འདེགས་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་བ།
ཕྱུགས་ལས་གཙོ་བོར་བཟུང་བའི་བོད་ནི་ཐུམ་འབུའི་ནད་ཀྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད།
ད་ཆ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཐད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ཐུམ་འབུའི་ནད་ཕོག་མཁན་ལ་ཆ་མཚོན་ན་སྨན་བཅོས་གང་ཐུབ་ཅི་ཐུབ་བྱེད་པ་དང་།“སྔོན་ནས་མངགས་མི་དགོས་པ་དང་། སྒུག་མི་དགོས་པ། འགྲོ་སོང་གཏོང་མི་དགོས་པ”བཅས་ཀྱི་དམངས་ཕན་བྱ་ཐབས་སྤྱད་པ། ལྗོངས་ཡོངས་ཀྱི་དམིགས་འཛུཌ་སྨན་ཁང་13གྱིས་གཤགས་བཅོས་སྨན་བཅོས་ལས་དོན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ། གཤགས་བཅོས་དང་སྨན་ལ་བརྟེན་ནས་ནད་གཞི་བཅོས་དགོས་པའི་ཆ་རྐྱེན་དང་འཚམ་པའི་ནད་པ་ཚང་མར་དུས་ཐོག་ཏུ་སྨན་བཅོས་ཐུབ་ཡོད།
ཐུམ་འབུའི་ནད་ཙམ་མ་ཟད་རང་ལྗོངས་ཀྱིས་ད་དུང་འདུས་འདྲིལ་གཅོང་ནད་དང་། ནད་དུག་རང་བཞིན་གྱི་མཆིན་ཚད། དྲེག་ནད་བཅས་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་འགོ་ཚུགས་ཏེ། ལྗོངས་ཡོངས་ནས་འདེམས་སྒྲུག་བརྟག་དཔྱད་བྱ་ཡུལ་མི་ཁྲི་151གཏན་འཁེལ་བྱས་པ་དང་མིག་སྔར་མི་ཁྲི་196ལ་འདེམས་སྒྲུག་བརྟག་དཔྱད་བྱས་ཟིན།
2018ལོར། རང་ལྗོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་50དོན་འཁྱོལ་བྱས་པ་དག་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལ་འདེགས་སྐྱོར་དང་། སྨན་བཅོས་སྒྱུར་བཅོས་ཟབ་གཏོང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར། ཐུམ་འབུའི་ནད་འགོག་བཅོས། གནད་སྨིན་དབུལ་སྐྱོར་སོགས་གཙོ་གནད་ལས་དོན་སྤེལ་བའི་ཐད་སྤྱད་ཅིང་། རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་ཁང་གིས་ས་བབ་མཐོ་བའི་རྒྱང་རིང་ལུང་ཁུག་གི་ས་ཁུལ་དབུལ་པོའི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་གསོ་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་གཞི་རིམ་འཕྲོད་བསྟེན་མི་སྣ་མི་ཐེངས་10000ལྷག་ཙམ་གསོ་སྦྱོང་བྱས་ཡོད།
བོད་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་གསུམ་ལ་གྲུབ་འབྲས་གསར་པ་ཐོབ་པ།
2018ལོའི་ཟླ་5ཚེས་30ཉིན། མཉམ་འབྲེལ་རྒྱལ་ཚོཌ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་འདུ་འགོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་བོད་ལུགས་གསོ་རིག་གི《རྒྱུད་བཞི》འཛམ་གླིང་དྲན་ཤེས་འདུ་འགོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་མིང་གཞུང་དུ་བདེ་བླག་ངང་ཚུད་ཡོད། དེ་ནི་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས《རྒྱུད་བཞི》ཡི་རྩ་ཆེའི་རང་བཞིན་དང་། དམིགས་བསལ་གྱི་རང་བཞིན། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རང་བཞིན་བཅས་ལ་ཁས་ལེན་བྱས་པ་ཞིག་རེད་ལ། ཀྲུང་གོའི་སྲོལ་རྒྱུན་གསོ་རིག་དང་དེའི་ཚབ་མཚོན་བརྩམས་ཆོས་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཀྱང་རེད།
2018ལོའི་ཟླ་11ཚེས་28ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྲིད་གཞུང་དབར་ཨུ་ལྷན་གྱི་རྒྱུན་ཚོགས་སྐབས་བཅུ་གསུམ་པ་་་་འི་་ད་་་ཁ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོས་རེ་ཞུ་བྱས་པའི“བོད་ལུགས་གསོ་རིག་གི་ལུམ་བཅོས—ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་འཇགས་དང་ནད་གཞི་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་དང་ལག་ལེན”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིགས་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་དུ་འཇུག་པའི་ཆོག་མཆན་གནང་ཡོད།
གཏམ་བཟང་གཅིག་རྗེས་གཉིས་མཐུད་དུ་གྲགས་པ་ལས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོའི་སེམས་ཤུགས་ཆེས་ཆེར་འཕེལ། གཏམ་བཟང་འདི་དག་ནི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བ་ཚོས་འབད་བརྩོན་ལྷོད་མེད་བྱས་པ་དང་དཀའ་བ་དུ་མ་ཁྱད་དུ་བསད་པ་ལས་བྱུང་བ་ཞིག་ཡིན་ལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་བཏང་བ་ལས་བྱུང་བ་ཞིག་ཀྱང་རེད།
—— རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་བཅས་རྒྱལ་ཁབ་ཀྱི་ས་ཁོངས་མི་རིགས་སྨན་པའི་སྨན་བཅོས་ལྟེ་གནས་ཀྱི་རྣམ་གྲངས་སུ་བཅུག་པ།
—— “ཀྲུང་ལུགས་གསོ་རིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་རྣམ་གྲངས་ཁག་དྲུག་པ”ལག་ལེན་བསྟར་ཏེ་རང་ལྗོངས་ལ་མཛུབ་ཁྲིད་དགེ་རྒན་14དང་རྒྱུན་འཛིན་པ་28གཏན་འཁེལ་བྱས་པ།
—— “རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་མཁས་ཅན་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང”4དང“རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་མཁས་ཅན་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང”7བཙུགས་པ།
བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཀྱི་ལས་དོན་ད་བར་སྤེལ་མཚམས་འཇོག་མྱོང་མེད། “ང་ཚོའི་བོད་ལུགས་གསོ་རིག་རིག་གནས་ནི་འཛམ་གླིང་ཕྱོགས་སུ་བསྐྱོད་ནས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་དུ་འགྱུར་ངེས་རེད”ཅེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཝང་ཡུན་ཐིང་གིས་གསར་འགོད་པརབཤད་བྱུང་།
འདི་ནི་རང་ལྗོངས་ཀྱི་སྨན་དོན་མི་སྣས་ནད་པ་མྱུར་སྐྱོབ་བྱེད་བཞིན་པ།
འདི་ནི་རང་ལྗོངས་ཀྱི་སྨན་དོན་མི་སྣས་འོས་འགན་བྱེད་སྒོ་སྤེལ་བཞིན་པ།
འདི་ནི་རང་ལྗོངས་ཀྱི་སྨན་དོན་མི་སྣས་མྱུར་སྐྱོབ་བྱས་པ་བརྒྱུད། ཉེན་ཆེའི་སྦྲུམ་མར་རྒྱ་མ་བདུན་དང་ཕྱེད་ཀ་ཡོད་པའི་ཕྲུ་གུ་ཞིག་བདེ་བླག་ངང་བཙས་པ།
འདི་ནི་རང་ལྗོངས་ཀྱི་སྨན་དོན་མི་སྣས་རྒན་མོ་ཞིག་གི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།