དབུ་ཤོག>ཞིང་འབྲོག་གསར་པ།
  • ཚོང་རྟགས“མཛངས་མི”ཡིས་ འབྱོར་འབྲིང་ལ་རོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-10

    607660_yis_1554012911449_s.jpg

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། ཉེ་བའི་ལོ་ཤས་ནང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་མཁར་གྲོང་ཚོས“ཤང་རེར་སྣ་ཁ་རེ་ཡོད་པ་བྱེད་པའི”སྲིད་ཇུས་ལ་བརྟེན་ནས“སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག ཡུལ་ཕྱོགས་གཅིག་གི་མི་སེར་གྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ”བཅས་བྱེད་པའི་དམིགས་ཡུལ་ལ་གཞིགས་ནས་ཡུལ་བབ་ལ་བསྟུན་ཏེ་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་དང་། དེ་བཞིན་སྨན་རྒྱུ་ལས་སྣོན་དང་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“མཛངས་མི”ཞེས་པའི་ཚོང་རྟགས་བདེ་བླག་ངང་ཐོ་འགོད་བྱས་པ་དང“སི་ལིང་ལྗང་པ་སྐྲ་སྐྱེའི་བྱུག་རྫས”དང“འབའ་སམ”སོགས་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་པ་རེད། ས་ཞིང་ནང་བཤུག་བཏང་ནས་ས་ཆའི་ཐོན་ཁུངས་ཡག་པོ་སྤྱད་པ་མ་ཟད། ད་དུང་དུད་ཚང་དབུལ་པོ་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་པས་དབུལ་སྒྲོལ་འབབ་འཕར་བྱུང་ཡོད་ཅིང་། འདི་ནི་བཟོ་པ་ཚོས་སྨན་རྒྱུ་ལས་སྣོན་འཁོར་ཁང་དུ་སྨན་ཐུམ་སྒྲིལ་རྒྱག་བཞིན་པ།

    607659_yis_1554012911059_s.jpg

    ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་དྲིལ་བསྒྲགས་པུས་གདོང་དཀར་སྡེ་ཁུལ་དུ་བསྐྱོད་དེ་རྒྱལ་དར་འགེལ་བ་དང་། གཙོ་འཛིན་གྱི་སྐུ་པར་འགེལ་བ། ལག་ཐོགས་ཁ་པར་གྱི་དྲ་རྒྱ་བེད་སྤྱོད་ཀྱི་བདེ་འཇགས། ཁྲིམས་དང་མ་མཐུན་པའི་སྲུང་སྐར་ས་ངོས་བསྡུ་ལེན་སྒྲིག་ཆས་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། འདི་ནི་འཕྱོངས་རྒྱས་རྫོང་དྲིལ་བསྒྲགས་པུའི་ལས་བྱེད་པས་མང་ཚོགས་ལ་ལག་ཐོགས་ཁ་པར་གྱི་དྲ་རྒྱ་བེད་སྤྱོད་ཀྱི་བདེ་འཇགས་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    607661_yis_1554012911839_s.jpg

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་། ཀྲུང་དབྱང་ཐད་གཏོགས་ཚན་པའི་མི་སྣ། ཆུ་ཤུར་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ། སློབ་འབྲིང་སློབ་མ་སོགས་ཁྱོན་མི་300ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྫོང་དེའི་ཤིང་འཛུགས་ས་ཚིགས་ཚར་པ་ནང་གྲོང་ཚོར་བསྐྱོད་དེ་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་རེས་ཀྱི་འོས་འགན་ཤིང་འཛུགས་ཀྱི་རྒྱ་ཁྱོན་མུའུ་100ལྷག་ཙམ་ཟིན་པ་དང་ཁྱོན་རྒྱ་ལྕང་རྐང་5000དང་ཤིན་ཅང་གི་སྦྱར་པ་རྐང་4000ཙམ་བཙུགས་ཤིང་།

    འདི་ནི་ལྕང་མ་འཛུགས་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།