དབུ་ཤོག>ཞིང་འབྲོག་གསར་པ།
  • སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོས་སུར་པན་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-07

    “དྲོད་ཁང་ཆེ་མོའི་ནང་བཏབ་པའི་སུར་པན་ལོ་གཅིག་ལ་ཐེངས་གསུམ་བསྡུ་ཆོག་པ་དང་། སྔོན་དཔག་བྱས་ན་དྲོད་ཁང་ཆེ་མོ་རེ་ནས་ཐེངས་དང་པོར་སུར་པན་རྒྱ་མ་1000ཡས་མས་བསྡུ་ཐུབ་པ་དང་རྒྱ་མ་རེར་སྒོར་20བྱས་ནས་བཙོངས་ན་འགྲིག ཐེངས་གཉིས་པ་དང་གསུམ་པར་སུར་པན་རྒྱ་མ་500ཡས་མས་བསྡུ་ཆོག་པ་དང་རྒྱ་མ་རེར་སྒོར་6བྱས་ནས་བཙོངས་ན་འགྲིག”ཅེས་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་གིས་གསར་འགོད་པར་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོའི་ཡོང་འབབ་སྐོར་གླེང་བ་དང་ཁོང་གིས“ད་དུང་སྔོ་ཚལ་གཞན་དག་ལོ་རེར་ཐེངས་རེ་བསྡུ་ཆོག་པ་དང་དྲོད་ཁང་ཆེ་མོ་རེ་ལས་སྔོ་ཚལ་གཞན་དག་བཙོངས་པར་སྔོན་དཔག་བྱས་ན་སྒོར་800རག་གི་རེད”ཅེས་བརྗོད།

    སྣང་རྫོང་གླང་མདུན་སུར་པན་ཆེད་ལས་མཉམ་ལས་ཁང་2010ལོར་བཙུགས་ཤིང་། “ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་པ་དང་གཙོ་བོ་སུར་ཕྱེ་དང་། དམར་འདུར། སྟར་སྣུམ་སོགས་བཟོ་ཡི་ཡོད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་ཚུན་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་ཆེད། 2016ལོར་སྣང་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་སྒོར་ཁྲི་275བཏང་སྟེ་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོར་ཕན་འབྲས་ཆེ་ཞིང་ནུས་རྒྱུ་གྲོན་ཆུང་གི་དྲོད་ཁང་ཆེ་མོ་60ཙམ་བརྒྱབ་ནས་ཉལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཉེར་སྐྱོང་བྱ་རྒྱུར་སྤྲད་ཡོད།

    མིག་སྔར་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོའི་དྲོད་ཁང་ཆེ་མོའི་ནང་སུར་པན་འདེབས་ཁྱོན་80%ཡན་ཟིན་པ་དང་། དེ་བྱིངས་སུ་ཧོང་ཀྭ་དང་ཨོ་སུན་སོགས་སྔོ་ཚལ་བཏབ་ཡོད།

    གླང་མདུན་སུར་པན་ཆེད་ལས་མཉམ་ལས་ཁང་གིས་ཡོང་འབབ་མང་དུ་བཏང་བ་དང་དུས་མཚུངས་དུད་ཚང་དབུལ་པོ་10ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། དུང་དཀར་གྲོང་རྡལ་གྱི་མང་ཚོགས་12ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པར་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད། “ང་ཚོས་དྲོད་ཁང་ཆེ་མོའི་ནང་ཧོང་ཀྭ་དང་ཨོ་སུན་སོགས་སྔོ་ཚལ་འདེབས་འཛུགས་བྱས་ཏེ་དུད་ཚང་དབུལ་པོའི་དངུལ་སྨར་ཡོང་འབབ་མང་དུ་གཏོང་རོགས་བྱས་པ་མ་ཟད། དུས་ཐོག་ཏུ་ཚལ་གོང་མཐོ་བ་དང་ཉོ་ས་དཀོན་པའི་ཉེ་འཁོར་གྲོང་མིའི་དཀའ་གནད་བསལ་ཡོད”ཅེས་མཉམ་ལས་ཁང་གི་ལས་འཛིན་དཔོན་དང་ཁྲིམས་ཚན་འཐུས་ཚབ་གཅིག་ལྕོགས་ཕུན་ཚོགས་རྒྱལ་པོས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།