དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་ཚེ་མཆོག་གླིང་གྲོང་ཚོས་སྒོ་རྩར་ལས་ཞུགས་ཐུབ་པ་དང“གསེར་ཕོར”ལ་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-03-30

    བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཚེ་མཆོག་གླིང་གྲོང་ཚོ་ཕོ་བྲང་པོ་ཏ་ལ་དང་ཆུ་བོ་གཅིག་གིས་ཆོད་པ་དང་། གྲོང་མི་ཚོ་ཕ་ཚ་བུ་རྒྱུད་ནས་རི་ཁུག་ཏུ་ཞོག་ཁོག་དང་ནས་སོགས་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། དེ་སྔ་ཞིང་ལས་ནི་ས་གནས་དེ་གའི་མི་སེར་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་པ་དང་ད་ཆ་དུད་ཚང་ཚང་མས་རིག་གནས་ཐོན་ལས་འཛུགས་སྐྲུན་བྱས་པ་ལས་ཁོང་ཚོར་རིག་གནས་ཡུལ་སྐོར་གྱི“གསེར་ཕོར”རག་ཡོད་པ་རེད།

    སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ཚེ་མཆོག་གླིང་གྲོང་ཚོར་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་མེད་ལ། གྲོང་མི་ཚོས་གཙོ་བོ་འདེབས་འཛུགས་དང་ཕྱུགས་རིགས་ལ་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། ད་ཆ་གྲོང་མི་ཁག་གཅིག་འཁྲབ་སྟོན་པ་དང་ཁག་གཅིག་སྐྱེལ་འདྲེན་ལས་ལ་གཞོལ་བ་མ་ཟད། ད་དུང་འགའ་ཞིག་གིས་ཁྱིམ་ཚང་མགྲོན་ཁང་ཡང་གཉེར་ནས་དུད་ཚང་ཚང་མ་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་དུ་སྡོད་པ་དང་ཚང་མར་སྒེར་འཁོར་ཡང་ཡོད་པ་རེད། འདི་ལོ་ལོ་80ལ་སླེབས་པའི་བསྟན་འཛིན་ཟླ་བའི་སེམས་ལ་ཚེ་མཆོག་གླིང་གྲོང་ཚོ་ལོ་མང་གི་འཕེལ་རྒྱས་ལས་རིག་གནས་ཡུལ་སྐོར་ལས་རིགས་འདི་གྲོང་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོ་དེར་འགྱུར་གྱི་རེད་སྙམ་མྱོང་མེད།

    ལྷ་ས་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད་པ་དེ་ནི་ཚེ་མཆོག་གླིང་གྲོང་ཚོའི་ལེགས་ཆ་ཆེ་ཤོས་དེ་རེད། གྲོང་ཚོའི་ས་ཆ་མང་ཆེ་བ་རི་ལྡེབས་དང་ཐང་རྒོད་ཡིན་པས་ཞིང་ལས་ཕུད་གྲོང་མི་ཚོས་ད་དུང་ལྷ་ས་གྲོང་ཁུལ་དུ་ལྕི་བ་འཚོང་བ་དང་སྡེར་ཐང་དུ་ཁྲོམ་བཏོན་ནས་ཅ་དངོས་རྙིང་པ་བཙོངས་ཏེ་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། 2003ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྣམ་པ་བཅོས་སྒྲིག་བྱས་རྗེས་སྡེར་ཐང་དུ་ཁྲོམ་འདོན་དུ་བཅུག་མེད། འགྱུར་ལྡོག་དེ་དག་ལ་ཁ་གཏད་གཅོག་ཆེད་2004ལོར་ཚེ་མཆོག་གླིང་གི་གྲོང་མིས་ས་གནས་དེ་གའི་ཁྱད་ལྡན་གླིང་ཁ་སྤྱད་དེ་སྤྲོ་གསེང་ཞབས་འདེགས་ཞུ་འགོ་བརྩམས།

    ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་ཚོས་ནུས་ཤུགས་ཡོད་རྒུས་ལྷ་སའི་འཕེལ་རྒྱས་མྱུར་ཚད་ཀྱི་རྗེས་ཟིན་པ་བྱེད་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཚེ་མཆོག་གླིང་གྲོང་ཚོར་ཕྱོགས་བསྡུས་གསར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་བྱས་ཏེ་ཚེ་མཆོག་གླིང་གྲོང་ཚོ་མཚོ་བོད་ས་མཐོའི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་རྒྱུན་མཐུད་འཕེལ་རྒྱས་གཏོང་ཡུལ་དུ་འགྱུར་བ་བྱས་པ་རེད། 2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་བོད་ལྗོངས“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དུ་འགྱུར་བ་བྱེད་དགོས་ལུགས”བཏོན་ཡོད། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དེ་དུས་རབས་ཀྱི་རྒྱབ་ལྗོངས་དེ་ལྟ་བུའི་འོག་བཙུགས་པ་ཞིག་རེད།

    2012ལོའི་ཟླ་7པར《ཝུན་ཤིང་ཀོང་ཇོ》དངོས་ལྗོངས་ཟློས་གར་འཁྲབ་འགོ་ཚུགས་པ་དང་བསྟུན་ནས་ཚེ་མཆོག་གླིང་དུ་གནས་པའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དངོས་སུ་བསྐྲུན་འགོ་ཚུགས།

    བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དོ་དམ་ཨུ་ལྷན་གྱི་འགན་ཁུར་བས“གླིང་དེ་བསྐྲུན་འགོ་ཚུགས་རྗེས་ས་གནས་དེ་གའི་མང་ཚོགས་སྔོན་ལ་དེའི་ནང་ཞུགས་སུ་བཅུག་སྟེ་གང་ཐུབ་ཅི་ཐུབ་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་ཁེ་ཕན་ཐོབ་པ་བྱས་ཡོད། གྲོང་མི་ཚོ་གླིང་དེའི་འཛུགས་སྐྲུན་ནང་དེ་བས་ལེགས་པའི་ངང་ཞུགས་ཆེད། ང་ཚོས་མི་སོ་སོའི་ལོ་ན་དང་རིག་གནས་ཆུ་ཚད་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་གྲོང་མི་ཚོའི་རྩལ་ནུས་ཆེ་རུ་གཏོང་རོགས་བྱས་ཡོད”ཅེས་བཤད།

    ཚེ་མཆོག་གླིང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་འགན་ཁུར་བས“ལག་རྩལ་སྣེ་གཅིག་ཤེས་རྗེས་གྲོང་མི་མང་ཆེ་བ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད། ད་དུང་མི་སེར་ཚོའི་བསམ་བློའི་ལྟ་བའང་འགྱུར་ལྡོག་ཕྱིན་ནས་ཚང་མས་སྲོལ་རྒྱུན་གྱི་ཐོན་ལས་ལ་འགྱུར་ལྡོག་བཏང་ནས་རིག་གནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས་ཐུབ་པ་བྱས་ཡོད”ཅེས་བཤད།

    གླིང་ཁུལ་འཛུགས་སྐྲུན་སྐོར་གླེང་སྐབས་ས་གནས་དེ་གའི་མི་སེར་ཚོས་སེམས་འགུལ་ཚད་མེད་ཐེབས་བཞིན“གླིང་དེ་བཙུགས་པ་ལས་ང་ཚོ་སླར་ཡང་ཕྱིར་གླ་པར་སྐྱོད་དགོས་མི་འདུག ད་ཆ་སྒོ་རྩར་ལས་ཀ་བྱ་རྒྱུ་ཡོད་པས་ང་ཚོའི་འཚོ་བ་དེ་བས་ལེགས་སུ་ཕྱིན་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།