▶ 2016ལོར། བོད་ལྗོངས་ས་མཚམས་ནས་འགྲོ་འོང་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཅུས་དཔྱད་ཞིབ་ཚོགས་ཆུང་གི་ཞིབ་བཤེར་བྱུང་བ།
▶ 2017ལོའི་ཟླ་5ཚེས་10ཉིན། མེ་ཏོག་གི་ཇ་ལོ་སི་ཁྲོན་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་ལ་ཞུགས་པར་མེ་ཏོག་གི་ཇ་པ་ཏི་དང་ཇ་ལྗང་ལ་གསེར་གྱི་རྟགས་མ་ཐོབ་པ། 2018ལོའི་ཟླ་5ཚེས་10ཉིན། མེ་ཏོག་གི་ཇ་ལོ་ཁྲེང་ཏུའུ་རུ་འཚོགས་པའི་སི་ཁྲོན་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་པར། མེ་ཏོག་གི་ཇ་པ་ཏི་དང་ཇ་ལྗང་གཉིས་ལ་གསེར་གྱི་རྟགས་མ་ཐོབ་པ།
2012ལོར། མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འབད་འཐབ་འོག མེ་ཏོག་རྫོང་གི་ལྷ་གོང་གྲོང་ཚོར་སྔོན་ལ་ཇ་ཤིང་མུའུ་90ཚོད་འདེབས་བྱས་པར་ཕན་འབྲས་ཡག་པོ་ཐོབ་པས་2013ལོ་ནས་བཟུང་མེ་ཏོག་གིས་གཞི་ཁྱོན་ཆེན་པོས་ཇ་ར་འཕེལ་རྒྱས་བཏང་བ་རེད།
2013ལོར། མེ་ཏོག་རྫོང་ཞིང་འབྲོག་ཅུས་ཀྱིས་སི་ཁྲོན་གཡག་རྔ་མིང་ཧྲན་རྫོང་ཇ་ལོ་ཞིབ་འཇུག་སུའོ་ཡི་སློབ་དཔོན་ཆེ་མོ་ཞུས་ཞའོ་ཧུའེ་མེ་ཏོག་རྫོང་གི་ཇ་ལོ་འདེབས་འཛུགས་ཀྱི་ལག་རྩལ་བློ་འདྲི་བར་གདན་དྲངས་པ་མ་ཟད། ད་དུང《མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤྱིའི་འཆར་འགོད》སོགས་འབྲེལ་ཡོད་འཆར་འགོད་དང་དོ་དམ་བྱེད་ཐབས་ཀྱང་བཟོས་ཏེ། མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་གཞི་འཛིན་ས་ཡོད་པར་བྱས་པ་རེད།
2013ལོ་ཚུན་དུ། མེ་ཏོག་རྫོང་གིས་ཇ་ལོའི་སྡོང་ཕྲུག་འདེབས་གསོ་དང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་ཇ་ལོའི་ཐོན་ལས་འཛུགས་སྐྲུན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བཟུང་ཐོག་ཇ་ལོའི་ལག་རྩལ་གྱི་བློ་འདྲི་བ་ཇ་ལོའི་སྡོང་ཕྲུག་རྟེན་གཞིར་ཐེངས་མང་པོར་གདན་དྲངས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་རེད། 2015ལོར། རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཇ་ལོའི་སྡོང་ཕྲུག་རྟེན་གཞི་དང་པོ་བཙུགས་ཏེ་མེ་ཏོག་རྫོང་གི་ཇ་ལོའི་སྡོང་ཕྲུག་ཐོན་སྐྱེད་ཐད་ཀྱི་སྟོང་ཆ་བསྐངས་བ་རེད། སྡོང་ཕྲུག་རྟེན་གཞིའི་རྒྱ་ཁྱོན་སྔར་བས་ཆེ་རུ་བཏང་ནས་ཇ་ལོའི་སྡོང་ཕྲུག་ཐད་རང་མཁོ་རང་གསོ་ཐུབ་པར་བྱེད་ཆེད། 2016ལོར་ཇ་ལོའི་སྡོང་ཕྲུག་རྟེན་གཞི་གཉིས་པ་བཙུགས་ཤིང་དེ་ནི་གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་རྣམ་གྲངས་ཤིག་ཡིན་པ་རེད། སྡོང་ཕྲུག་རྟེན་གཞི་བཙུགས་པ་ལས་མེ་ཏོག་རྫོང་གི་ཇ་ལོ་འདེབས་འཛུགས་རྣམ་གྲངས་ཀྱི་གཏོང་ཆའི་མ་གནས་ཧ་ཅང་དམའ་རུ་ཕྱིན་ནས། མང་ཚོགས་ལ་ཕན་པ་ཆེ་ཤོས་ཐོབ་རྒྱུའི་ཁག་ཐེག་ཐུབ་ཡོད་པ་རེད།མེ་ཏོག་རྫོང་གི་ཇ་ལོའི་འདེབས་འཛུགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། 2015ལོ་ནས་2018ལོའི་ཟླ་བདུན་པའི་ཟླ་མཇུག་བར། ཁྱོན་ཇ་ལོ་རྒྱ་མ་ཁྲི་10.85བཏུས་པ་ལས་རྒྱ་མ་ཁྲི་2.17ལས་སྣོན་བྱས་པས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་6000ལྷག་བྱུང་བ་དང་། ཇ་ལོ་ཁོ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་436.31བྱུང་ནས། དུད་ཚང་དབུལ་པོ་109ཡི་མི་517དབུལ་སྒྲོལ་ཐུབ་ཡོད་པ་རེད།
ཚོད་ལྟའི་ཐོན་སྐྱེད་བྱས་པའི་ཇའི་ཐོན་རྫས་ཁག་དང་པོ་ཞིང་ལས་པུའུ་ཇ་ལོ་སྤུས་ཚད་ལྟེ་གནས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཞིང་སྨན་སྙིགས་རོ་13དང་འདུས་དངོས་6ཚང་མ་སྐྱེ་ལྡན་ཇའི་ཚད་གཞི་དང་མཐུན་ཡོད་པ་དང་། 2016ལོར། བོད་ལྗོངས་ས་མཚམས་འགྲོ་འོང་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཅུས་དཔྱད་ཞིབ་ཚོགས་ཆུང་གི་ཞིབ་བཤེར་བྱས་ནས། མེ་ཏོག་རྫོང་འདི་ཉིད་བོད་ཀྱི་ཞིང་ཆེན་རིམ་པའི་ཕྱིར་གཏོང་བཟའ་བཅའ་ཞིང་ལས་ཐོན་རྫས(ཇ་ལོ)ཀྱི་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་དང་པོར་གྱུར་པ་མ་ཟད། ད་དུང་2016ལོར་སི་ཁྲོན་དང་། ཧྲང་ཧའེ། ཧྥུའུ་ཅན་སོགས་ཀྱི་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་ལ་ཞུགས་པ་རེད། ཇ་ལོའི་དངོས་མང་སྟོན་ཚོགས་ཐོག མེ་ཏོག་གི་ཇ་ལོར་ལས་རིགས་ཁག་གི་མི་སྣའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད། མེ་ཏོག་གི་ཇ་པ་ཏི་ལ“ཀྲུང་གོའི་ཇ་སྤུས་ལེགས”ཞེས་པའི་དངུལ་གྱི་རྟགས་མ་ཐོབ་པ་དང་། 2017ལོའི་ཟླ་5ཚེས་10ཉིན། མེ་ཏོག་གི་ཇ་ལོ་སི་ཁྲོན་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་ལ་ཞུགས་པར་མེ་ཏོག་གི་ཇ་པ་ཏི་དང་ཇ་ལྗང་ལ་གསེར་གྱི་རྟགས་མ་ཐོབ་པ། 2018ལོའི་ཟླ་5ཚེས་10ཉིན། མེ་ཏོག་གི་ཇ་ལོ་ཁྲེང་ཏུའུ་རུ་འཚོགས་པའི་སི་ཁྲོན་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་པར། མེ་ཏོག་གི་ཇ་པ་ཏི་དང་ཇ་ལྗང་གཉིས་ལ་གསེར་གྱི་རྟགས་མ་ཐོབ་པ་རེད།
མིག་སྔའི་བར། མེ་ཏོག་གྲོང་རྡལ་དང་། བདེ་ཞིང་ཤང་། འབྲས་སྤུངས་ཤང་། སྟག་མོ་ཤང་། སྤང་ཞིང་ཤང་། དགུ་ཐང་ཤང་བཅས་ཤང་དང་གྲོང་རྡལ་6གིས་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་ར་32བཙུགས་པར་སྤྱིའི་རྒྱ་ཁྱོན་མུའུ་8738.36ཟིན་གྱི་ཡོད་པ་རེད།
མེ་ཏོག་གི་ཇ་ལོ་རིམ་བཞིན་མེ་ཏོག་རྫོང་གི་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ནས། ཞིང་པར་འབབ་འཕར་དང་། གྲོང་གསེབ་འབྱོར་ཕྱུག དབུལ་སྒྲོལ་འགག་སྒྲོལ་བཅས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།