དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-22

    601430_yis_1552279364671_s.jpg

    ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཐབས་ལམ་བཟང་པོར་བརྩིས་ཏེ་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གོམ་སྟབས་མགྱོགས་སུ་བཏང་བ་དང་གསར་གཏོད་ཧུར་ཐག་བྱས་ཏེ“ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ”དང“ཏང་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས”ཕན་ཚུན་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་ལྟེ་བར་ཕྱོགས་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་ཆེ་རུ་བཏང་བ་མ་ཟད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི“དབུལ་སྐྱོར་མེ་ཏོག”བཞད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་པ་རེད།

    བོད་ལྗོངས་གནའ་སྲོལ་མི་རིགས་ལག་ཤེས་ཚད་ཡོད་ཀུང་སིས་མིག་སྔར་དབང་པོ་སྐྱོན་ཅན་40ལས་ཞུགས་བྱས་ཡོད་ཅིང་། འདི་ནི་ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་བསྟན་འཛིན་ནོར་བུས་2018ལོའི་ཕུལ་བྱུང་ལས་བཟོར་གཟི་བརྗིད་ལག་ཁྱེར་སྤྲད་ནས་ཁོང་ཚོར་ལོ་གསར་པའི་ནང་ཡང་འབད་བསྐྱར་འབད་བྱེད་དགོས་པའི་སྐུལ་ལྕག་བྱེད་བཞིན་པ།

    སྲ་ཞིང་བརྟན་པའི་མཁར་རྫོང་གཏོད་པ།

    “ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་རྒྱུ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགག་རྩ་ཡིན་པས། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་གྲོང་གསེབ་ཀྱི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཐོག བྱ་བ་དངོས་སྒྲུབ་པ་དང་མདུན་གྲལ་དུ་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེན་ཚང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་ཞིག་གི་ཐོག་བརྗོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་བཙན་ཐང་སྡེ་ཁུལ་ནི་དུད་ཚང་85དང་མི་237ལས་མེད་པའི་སྡེ་ཁུལ་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་དེ་གའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་10ལྷག་ཙམ་ཡོད་པའི་ནང་ཇ་ཁང་དང་། གསོ་ཚགས་ར་བ། རྐང་རྩེད་སྤོ་ལོ་རྒྱག་ས་སོགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཙན་ཐང་སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་པའི་བསམ་ཕྱོགས་ལ་གཞིགས་ཏེ། དུས་བབ་གསར་པའི་འོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་དང་། ཐབས་ཇུས་གསར་པ། བྱ་ཐབས་གསར་པ་བཅས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཐོག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་ཁྲིད་སྟོན་བྱེད་པའི་ལམ་བུ་གསར་པའི་ཐོག་བསྐྱོད་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་མ་ཟད། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་བརྒལ་གསར་པའང་བྱུང་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་རོགས་སྐྱོར་དོན་ཐོག་ཏུ་འཁྱོལ་བ།

    ནོར་བུ་ཚེ་བརྟན་ནི་སྟོད་གཟིགས་ཤང་གི་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ཞིང་། ཁོང་གིས་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཕྱུག་པོ་ཆགས་པའི་འཇོན་ཐང་ཆེ་རུ་གཏོང་བའི་ལས་སྟེགས་གཏོད་ཆེད། ཏང་ཡོན་ལས་བྱེད་པའི་དཔལ་འབྱོར་འཇོན་ཐང་ཅན་གྱི་དཔེ་བཟང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་གླུ་དབྱངས་བླངས་པ་རེད།

    ནོར་བུ་ཚེ་བརྟན་དུད་ཚང་དབུལ་པོ་བསམ་གྲུབ་ཁྱིམ་གྱི་རོགས་སྐྱོར་མི་སྣར་གཏན་འཁེལ་བྱས་ཚུན། ལས་བྲེལ་མེད་དུས་བསམ་གྲུབ་ཀྱི་ཁྱིམ་དུ་ཕྱིན་ནས་ཁོང་ལ་རོགས་རམ་བྱེད་དགོས་པ་གང་ཡོད་མེད་ལྟ་བ་དང་འབྲེལ་བསམ་གྲུབ་ཁྱིམ་ལ་རོགས་སྐྱོར་གྱི་དངུལ་སྤྲོད་ཀྱི་ཡོད།

    “ནོར་བུ་ཚེ་བརྟན་གྱིས་ང་ཚོའི་ནང་མི་དང་འདྲ་བར་ང་ཚོར་དཀའ་ངལ་མང་པོ་སེལ་རོགས་བྱས་བྱུང”ཞེས་བསམ་གྲུབ་ཀྱིས་བརྗོད། ན་ནིང་ནས་བཟུང་བསམ་གྲུབ་ཀྱི་ཁྱིམ་ཚང་གཅིག་པུ་མིན་པར་གྲོང་ཁྱེར་དེ་ཡོངས་སུ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རོགས་སྐྱོར་ཁ་གཏད་གཏན་འཁེལ་བྱས་རྗེས་རང་ཉིད་རོགས་སྐྱོར་བྱ་ཡུལ་གྱི་ནང་མིར་འགྱུར་བ་བྱས་པ་དང་འབྲེལ“ཁྱིམ་ཚང་དུ་འཚམས་འདྲི་བྱེད་པའི”བྱ་ཐབས་སྤྱད་ནས་ཁྱིམ་ཚང་རེ་རེ་བཞིན་མཐིལ་རྟོགས་བརྟག་ཞིབ་ཀྱི་ལས་དོན་སྤེལ་ཏེ་མང་ཚོགས་དབུལ་པོའི་བསམ་བློར་འགྱུར་ལྡོག་དང་། ཐོན་སྐྱེད་འཚོ་བའི་ཆུ་ཚད། མིག་སྔར་ཁ་ཚ་དགོས་གཏུགས་ཀྱི་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དངོས། འབྱུང་འགྱུར་གྱི་དབུལ་སྒྲོལ་བསམ་ཕྱོགས་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། དུད་ཚང་དབུལ་པོ་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གནད་སྨིན་གཏན་འཁེལ་བྱས་པ་དང་། དབུལ་པོའི་རིགས་དབྱེ་བ། ཐོ་འགོད་བྱས་ནས་ཡིག་ཚགས་བཟོ་བ་བཅས་བྱས་ཏེ་གོམ་སྟབས་རྗེས་མའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།