དབུ་ཤོག>ཞིང་འབྲོག་གསར་པ།
  • སྣང་རྫོང་གྲོང་མདའ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་འཚོ་བ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-01

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་གྲོང་མདའ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དེ་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་འདུ་འགོད་ཅིག་ཏུ་བརྩིས་ནས་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱས་པ་རེད། ཚན་ཁག་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ་དང་། ལམ་བུ་གནད་འཁེལ་བཙལ་ནས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ། འཕེལ་རྒྱས་གྲུབ་འབྲས་ཡག་པོ་སྤྱད་དེ་ཀུན་ཕན་མཉམ་སྤྱོད་ཐུབ་པ་བཅས་བྱས་པས་གྲོང་མདའ་གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་། འཕེལ་རྒྱས་གཏོང་བའི་འཇོན་ཐང་། ཞབས་འདེགས་ཞུ་བའི་འཇོན་ཐང་བཅས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད།

    2017ལོར་སྐབས་བརྗེས་པ་ནས་བཟུང་། གྲོང་མདའ་གྲོང་ཚོས་སྟབས་བདེ་བའི་ས་ཁོངས་ཀྱི་ལེགས་ཆར་བརྟེན་པ་དང་ཐབས་མང་མཉམ་སྤྱོད་བྱས་ཏེ་གྲོང་ཚོའི་ལས་བྱེད་པའི་རང་ངོས་ཀྱི་བྱང་ཚད་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་བ་དང་གཞི་རིམ་ཏང་རྩ་འཛུགས་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་བ་རེད། གོང་རིམ་ཏང་ཨུད་ལ་བརྟེན་ནས་གྲོང་ཚོའི་འགན་འཁུར་བ་གཙོ་བོ་སྒྲིག་འཛུགས་བྱས་ཏེ་ཀུའེ་ཀྲོའུ་སོགས་སུ་རྟོག་ཞིབ་སློབ་སྦྱོང་བྱས་པ་དང་། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཁྲིའི་བྱང་ཚད་མཐོར་གཏོང་འདུ་འགོད་སྤེལ་ནས་ཁོང་ཚོའི་མཐོང་རྒྱ་ཆེ་རུ་བཏང་བ་དང་། ལས་བྱེད་པས་རང་འགུལ་ངང“འབྱོར་ཆུང་བློ་ཚིམ”དང“བརྟན་ལྷིང་གཙོ་རྐང”གི་བསམ་བློ་ཁྱད་བསད་ཐུབ་པ། ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཆོད་སེམས་དང་གདེང་ཚོད་ཆེ་རུ་ཏན་ཏིག་བཏང་བ། ཞིང་ལས་ལག་རྩལ་ཆེད་མངགས་པ་དང་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་གྲོང་ཚོའི་ལས་བྱེད་པས་འགོ་ཁྲིད་དེ་ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་བ་དང་། གྲོང་ཚོའི་ལས་བྱེད་པས་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་བ། རང་ངོས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་པ། གྲོང་ཚོའི་ལས་བྱེད་པ་དང་མི་སྒེར་གྱི་བློ་གྲོས་འདོན་སྤེལ་ཧུར་ཐག་དང་། གྲོང་ཚོའི་སྤྱི་ཡོངས་འཆར་འགོད་ལ་སྣང་ཆེན། རང་འགུལ་ངང་ཕྱུག་འགྱུར་འབབ་འཕར་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དོ་དམ་ཡག་པོ་བྱེད་པར་ཤུགས་སྣོན་རྒྱག་པ། “གསོ་སྐྱོང་གསུམ”ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་གྲོང་ཚོའི་ཚན་ཁག་གི་གསོན་ཤུགས་ཆེ་རུ་བཏང་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཏང་ཡོན་ལས་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཡོད།

    གྲོང་མདའ་གྲོང་ཚོའི་བྱེ་རྡོ་ར་བས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་འཛུགས་སྐྲུན་ལས་གྲྭའི་ལེགས་ཆར་བརྟེན་ནས་རང་འགུལ་ངང་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་བཏང་བ། ཐོན་ཁུངས་དང་ས་ཁོངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བ། གྲོང་ཚོའི་ཏང་ཀྲི་པུས་གྲོང་རྡལ་ཏང་ཨུད་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་སྐྱེལ་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་ཏེ་ཐོན་སྐྱེད་དང་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་རྣམ་པ་རགས་ཙམ་ཆགས་ཡོད། 2019ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་གོང་དུ་གྲོང་མདའ་གྲོང་ཚོས་གྲོང་ཚོའི་དུད་ཚང་166ལ་སྒོར་ཁྲི་78བགོ་འགྲེམས་བརྒྱབ་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་38རེར་སྒོར་6000སྤྲད་པ་དང་ཁྱོན་སྡོམས་སྒོར་ཁྲི་22.8སྤྲད་ཡོད། སྤྱིར་བཏང་གི་དུད་ཚང་138རེར་སྒོར་3500སྤྲད་པ་དང་ཁྱོན་བསྡོམས་སྒོར་ཁྲི་46.55སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།