དབུ་ཤོག>ཞིང་འབྲོག་གསར་པ།
  • མཚོ་སྨད་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཕྱོངས་རྒྱས་རྫོང་ཚོགས་རྒྱལ་གྲོང་ཚོར་སྤེལ་རེས་འཁྲབ་སྟོན་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-05

    དགུན་དུས་སུ་ཚོགས་རྒྱལ་གྲོང་ཚོར་ཉི་འོད་རབ་ཏུ་འཕྲོས་ཤིང་། འཁྲབ་སྟོན་འགོ་མ་ཚུགས་གོང་། གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་འཛོམས་ཏེ་འཁྲབ་སྟོན་ལ་སྒུག་བཞིན་འདུག འཕྱོངས་རྒྱས་རྫོང་ཚོགས་རྒྱལ་གྲོང་ཚོར་སྤེལ་རེས་འཁྲབ་སྟོན་བྱེད་པར་ཡོང་བའི་མཚོ་སྨད་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་དེ་གའི་ཞིང་འབྲོག་མང་ཚོགས་ཚོར་ལྟད་མོ་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    ཚོགས་རྒྱལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མས“རིག་རྩལ་གཤམ་སྤེལ་གྱི་བརྡ་ཐོ་འབྱོར་རྗེས། ང་ཚོས་ལམ་སེང་གྲོང་མི་ཚོར་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་འཁྲབ་སྟོན་ལ་བལྟ་བར་ཡོང་རྒྱུའི་བརྡ་ཐོ་བཏང་བ་ཡིན། དུས་རྒྱུན་ང་ཚོའི་གྲོང་ཚོར་འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པས་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་གྱི་ཡོད། དེ་རིང་རྫོང་གཞན་དག་གི་རིག་རྩལ་ལེ་ཚན་ལྟ་རྒྱུ་ཡོད་པས་ཚང་མས་རེ་སྒུག་ཆེན་པོ་བྱེད་ཀྱི་འདུག”ཅེས་བརྗོད།

    མཚོ་སྨད་རྫོང་གི་འཁྲབ་སྟོན་པ་ཚོས་གྲོང་མི་ཚོར་ནང་སྦྱོང་ཞིབ་ཚཌ་བྱས་པའི་རིག་རྩལ་ལེ་ཚན་19འཁྲབ་སྟོན་བྱས་པའི་ནང་ཞབས་བྲོ་དང་། གླུ་གཞས། གཏམ་བརྗོད་ཟློས་གར། ལྷ་མོ་བཅས་ཡོད་ལ། ད་དུང་དགའ་སྤྲོ་འཁོལ་བའི་སྒོར་གཞས་ཀྱང་ཡོད་པས་གྲོང་མི་ཚོས་རིག་རྩལ་གྱི་སྟོན་མོར་རོལ་བ་རེད།

    《བདེ་སྐྱིད་ལྡན་པའི་འཚོ་བ》ཞེས་པའི་ལྷ་མོའི་ཐུན་མོང་མ་ཡིན་པའི་འཁྲབ་སྟངས་དང་གར་སྟབས་ལ་བརྟེན་ནས་གྲོང་མིར་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་མངོན་པར་བྱས་ཏེ། འཁྲབ་སྟོན་བྱ་ཡུལ་འཁྲུག་ཆ་དོད་དུ་བཏང་ཞིང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་ཐལ་མོའི་རྡེབ་སྒྲ་དང་། གླུ་སྒྲ། དགོད་སྒྲ་བཅས་ཀྱིས་ཁེངས། 《ཞི་མཐུན་གྱི་ཁྱིམ་གཞིས》ཞེས་པའི་ཞབས་བྲོས་གསོན་ཉམས་དོད་པའི་གར་སྟབས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་རྣམ་པ་མངོན་པར་བྱས་པས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་དར་སྤེལ་ཤུགས་ཆེན་ཐུབ་ནས་མི་སེམས་གཅིག་འགྲིལ་དང་དཔའ་ངར་ཆེར་སྐྱེད་ཀྱི་ནུས་པ་ཐོན་ཡོད། 《བདེ་སྐྱིད་ཀྱི་འབྱུང་ཁུངས》ཞེས་པའི་ལེ་ཚན་གྱིས་གཞས་མ་གཏམ་ཟུང་འབྲེལ་གྱི་འཁྲབ་སྟོན་རྣམ་པའི་ཐོག་ནས་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། མང་ཚོགས་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།

    “འཕྱོངས་རྒྱས་རྫོང་གི་གྲོཌ་པོ་ཚོ་སེམས་རྩ་འཁོལ་པོ་འདུག་པས། ང་ཚོས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་སྐབས་ཀྱང་སེམས་ཤུཌ་ཆེན་པོ་སྐྱེས་བྱུང་། འཕྱོངས་རྒྱས་རྫོང་དུ་སླར་ཡང་ཡོང་ནས་ང་ཚོ་མཚོ་སྨད་རྫོང་གི་ཡུལ་སྲོལ་གོམས་གཤིས་དང་ཁྱད་ལྡན་རིག་གནས་འཕྱོངས་རྒྱས་ཀྱི་ལྟད་མོ་བ་རྣམས་ཀྱི་མིག་ལམ་དུ་གཤོམ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་འཁྲབ་སྟོན་པ་སྒྲོལ་དཀར་གྱིས་བཤད།

    འཁྲབ་སྟོན་མཇུག་འགྲིལ་རྗེས། ཚོགས་རྒྱལ་གྲོང་ཚོའི་གྲོང་མི་རྣམས་སྔར་བཞིན་དེ་ཁུལ་ནས་བྲལ་མི་འདོད་པར་འཁྲབ་སྟོན་སྐོར་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་འདུག 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།