དབུ་ཤོག>ཞིང་འབྲོག་གསར་པ།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དཀར་དུང་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-04

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་དཀར་དུང་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་པ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་བྱ་རྒྱུ་འགག་སྒྲོལ་གྱི་ཐབས་ལམ་དུ་བྱས་ནས་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ནུས་ལྡན་བཏང་བ་རེད།

    གསེར་རྙེད་ཆུས་ཀྱིས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོར་བརྟག་དཔྱད་ཞིབ་འཇུག་དང་བསྡུ་ལེན་རྒྱ་ཁྱབ་བྱེད་པའི་རྨང་གཞིའི་ཐོག ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དཀར་དུང་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བསྐྲུན་པ་རེད། རྒྱ་ཁྱོན་མུའུ་9990ཟིན་པའི་རྟེན་གཞི་དེར་འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི་7390གཏོང་རྒྱུ་དང་། མིག་སྔར་རྟེན་གཞི་དེར་འབྲི་གཡག་མགོ་གྲངས་390ཡོད་པ་རེད།

    རྟེན་གཞི་དེས་གཙོ་བོ་ཞོ་དང་། འོ་མ། མར། ཕྱུར་བ་སོགས་ཁྱད་ལྡན་གྱི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད། མིག་སྔའི་བར་ལྷ་ས་གྲོང་ཁུལ་དུ་ཚོང་ཁང་3ཡོད་པ་དང་2018ལོ་ནས་བཟུང་རིམ་རྩིས་བྱས་ན་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི་367.8ཟིན་ཡོད། སྔོན་རྩིས་བྱས་ན་2018ལོའི་ལོ་ཧྲིལ་པོའི་དཀར་ཆུའི་ཐོན་རྫས་དང་གཟན་རྩྭ་དེ་བཞིན་དཔལ་འབྱོར་སྐྱེ་དངོས་ཀྱི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི་700ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག རྟེན་གཞི་དེས་ནག་ཆུའི་རང་བྱུང་ཁོར་ཡུག་གི་དོན་དངོས་དང་འབྲོག་པ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོར་བསམ་གཞིག་བྱས་པའི་རྨང་གཞིའི་ཐོག་མི་ཐབས་རྩྭ་འདེབས་དང་དེ་བཞིན་ཉུང་མ་དང་། ཞོག་ཁོག ལ་ཕུག་སོགས་དཔལ་འབྱོར་སྐྱེ་དངོས་ཚོད་འདེབས་ཧུར་ཐག་བྱས་པ་རེད། 2018ལོར་མི་ཐབས་རྩྭ་འདེབས་ཀྱི་རྒྱ་ཁྱོན་མུའུ་5639ཡོད་པར་གཟན་རྩྭ་ཏུན་502ཐོན་པ་དང་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་208ཟིན་ཞིང་། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་400ཟིན་པར་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་77ཟིན་ཡོད།

    ཁྲོམ་རའི་འདུ་ཤེས་མཐའ་འཁྱོངས་ཀྱིས་གཉེར་སྐྱོང་ལམ་སྲོལ་ལེགས་པོ་བཙུགས་པ།

    དཀར་དུང་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་། སྔ་ཕྱི་བར་གསུམ་དུ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་མཐའ་འཁྱོངས་ཀྱིས་ལས་སྒོའི་བྱང་ཚད་མཐོ་བའི་ལས་བྱེད་པ་2གཉེར་སྐྱོང་ལ་མཛུབ་ཁྲིད་བྱེད་པར་བཏང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་གཉེར་སྐྱོང་མཁས་པ། དོ་དམ་བྱེད་ཤེས་པ། ཉམས་མྱོང་ཡོད་པ་བཅས་ཀྱི་མང་ཚོགས་6གཉེར་སྐྱོང་ནང་གདན་ཞུ་བྱས་པ་རེད།

    ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གཉེར་སྐྱོང་ཐབས་ལམ་རྒྱ་ཆེར་བཏང་བ།

    མིག་སྔར་རྟེན་གཞི་དེས་གྲོང་ཚོ་དབུལ་པོ་76གི་དུད་ཚང་3200ཡི་མང་ཚོགས་ཁྲི་1.6(དེའི་ནང་དུད་ཚང་དབུལ་པོ་800ཡི་མི་3800ལྷག་ཚུད་པ)བསྡུས་ནས་རྟེན་གཞིར་འོ་མ་མཁོ་འདོན་བྱེད་པ་དང་། “གྲོང་ཚོ་རེའི་མཉམ་ལས་ཁང་རེར”བཞོན་མ་མགོ་གྲངས་7600ཡོད་ལ། དུད་ཚང་དབུལ་པོའི་ལག་ཡོད་བཞོན་མ་མགོ་གྲངས་6500དང་། འབྱོར་ཕྱུག་དུད་ཚང་གི་ལག་ཡོད་བཞོན་མ་མགོ་གྲངས་7000ཟིན་པ་རེད།

    ཁེ་ཕན་འབྲེལ་མཐུད་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ།

    རྟེན་གཞི་བསྐྲུན་ཚུན། ས་ཆ་བསྡུ་ལེན་གྱི་ཁ་གསབ་དངུལ་སྒོར་ཁྲི་204.56སྔོན་གཏོང་བྱས་པར་དུད་ཚང་12ཀྱི་མི་69ལ་ཕན་པ་ཐོབ་པ་དང་། དེའི་ནང་དུད་ཚང་དབུལ་པོ་6གི་མང་ཚོགས་27ཡོད་པ་རེད། རྩྭ་ར་བརྒྱུད་བཤུག་དངུལ་སྒོར་ཁྲི་1.98སྔོན་གཏོང་བྱས་པར་དུད་ཚང་29ཡི་མི་147ལ་ཕན་པ་ཐོབ་པ་དང་། དེའི་ནང་དུད་ཚང་དབུལ་པོ་10ཡི་མང་ཚོགས་45ཡོད། འོ་མ་ཉོ་སྒྲུབ་ཀྱི་དངུལ་སྒོར་ཁྲི་201.7སྔོན་གཏོང་བྱས་པར་དུད་ཚང་3200ཡི་མི་ཁྲི་1.3ལྷག་ལ་ཕན་པ་ཐོབ་པ་དང་། དེའི་ནང་དུད་ཚང་དབུལ་པོ་800ཡི་མང་ཚོགས་3900ཡོད་པ་རེད།

    མིག་སྔའི་བར། ས་གནས་དེའི་མང་ཚོགས་52(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་35དང་ཕ་ཡུལ་དུ་ལོག་པའི་སློབ་ཆེན་ཐོན་པའི་སློབ་མ་8)ཀྱིས་རྟེན་གཞི་དང་ཚོང་ཁང་དུ་འོ་མ་འཇོ་བ་དང་། གཟན་རྩྭ་སྟེར་བ། ཕྱུཌ་འཚོ་བ། སྤུས་བཤེར། ཕྱིར་འཚོང་། རྩིས་པ། དོ་དམ་སོགས་བརྒྱུད་ཐད་ཀར་ལས་ཞུགས་ཐུབ་ཅིང་། 2018ལོ་ནས་བཟུང་རྟེན་གཞི་དེས་མང་ཚོགས་52ལ་ངལ་ནུས་གླ་ཆ་སྒོར་ཁྲི་99ལྷག་སྤྲད་པ་དང་ཟླ་རེའི་གླ་ཆ་མཐོ་ཤོས་སྒོར་4500ཟིན་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་འགན་བཅོལ་གྱི་ཆ་རྐྱེན་དང་འཚམ་པའི་ལས་བཟོ་17གྱི་རྒན་གསོ་འགན་བཅོལ་གྱི་དངུལ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།