དབུ་ཤོག>ཞིང་འབྲོག་གསར་པ།
  • བློ་བཟང་སྦྱིན་པས་ཀུང་སི་སྟོབས་ཆེར་གྱུར་པ་དེ་ཏང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-13

    2000ལོར་ལོ་ན་48ལ་སོན་པའི་བློ་བཟང་སྦྱིན་པས་ལྷ་ས་ཨར་འདམ་བཟོ་གྲྭའི་མཐོ་རིམ་དོ་དམ་པའི“གོ་གནས་བརྟན་པོ”དེ་དོར་ནས་ལྷ་ས་ཡོན་ཏ་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། ལོ་བཅུ་གྲངས་གོང་སྨོས་ཅི། ད་ཆའང་བོད་ཀྱི་གཞུང་ལས་པས་གཞུང་གི་ལས་གནས་དོར་ནས་རང་རྟེན་ལས་གཏོད་བྱེད་པར་སྔར་བཞིན་བློ་སྟོབས་ཆེན་པོ་དགོས་པ་བཞིན་བློ་བཟང་སྦྱིན་པས་གོམ་པ་དེ་བརྟན་པོ་ཞིག་སྤོས་ཡོད། 

    ལག་རྩལ་སྒྱུར་བཀོད་དང་བཟོ་གྲྭ་རྒྱས་སྐྲུན་གྱི་དུས་ཚོད་ཛ་དྲག་པའི་སྐབས་བློ་བཟང་སྦྱིན་པས་ཚང་མ་དང་འདྲ་བར་ཉིན་གཅིག་ལ་གཉིད་ཆུ་ཚོད་གཉིས་གསུམ་ལས་ཉལ་གྱི་མེད། ལོ་གཅིག་སོང་རྗེས་ཀུང་སིར་རང་ཉིད་ཀྱི་གྲོས་ཚོགས་ཁང་ཡོད་པས་མ་ཚད་ད་དུང་ཚང་མར་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་ཡང་བྱུང་ཡོད། ལོ་གཉིས་ཀྱི་རྗེས་སུ་ཀུང་སི་འདི་ཉིད་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁྲལ་འཇལ་དུད་ཆེན་དུ་གྱུར་བ་རེད། 

    ལོ་18རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ལྷ་ས་ཡོན་ཏ་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བརྒྱུད་རིམ་ནས་འགོ་བཙུགས་ཏེ་ད་ཆ་གཤམ་འོག་ཏུ་ཨར་འདམ་བཟོ་གྲྭ་གཅིག་དང་། སོ་ཕག་བསྲེག་ཁང་གཉིས། སྡེ་ལས་དོ་དམ་ཀུང་སི་གཅིག སྒྱུ་རྩལ་ཚོགས་པ་གཅིག་སོགས་ཡོད་པའི་དངོས་ཚན་གྱི་དམངས་གཉེར་ཁེ་ལས་གྲགས་ཅན་ཞིག་ཏུ་གྱུར་ཏེ་མ་རྩ་སྒོར་དུང་ཕྱུར་2.5ཟིན་ནས་ཁྱོན་དཔྱ་ཁྲལ་སྒོར་དུང་ཕྱུར་1.31འཇལ་ཏེ་བསྟུད་མར་ལོ་12རིང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁྲལ་འཇལ་དུད་ཆེན་གྱི་མཚན་སྙན་ཐོབ་ཡོད། ཀུང་སིའི་ལས་བཟོ་ཡང་ཐོག་མའི་100ལྷག་ཙམ་ནས་495བར་མང་དུ་སོང་ཁར་ལས་བཟོ་95%ཚང་མ་ཞིང་འབྲོག་མང་ཚོགས་ཡིན་པ་རེད། 

    2016ལོའི་ཟླ་6པར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་གྱི་ཕྱིའི་སྐོར་ལམ་འཛུགས་སྐྲུན་བྱེད་སྐབས་ཕྱིའི་སྐོར་ལམ་གྱི་ནུབ་རྒྱུད་དུ་གནས་པའི་ཡོན་ཏ་ཨར་འདམ་བཟོ་གྲྭ་ཨར་སྐྲུན་གྱི་དགོས་མཁོས་རྐྱེན་པས་ངེས་པར་དུ་བཤིག་དགོས་བྱུང་ཡོད། 

    གཉེར་སྐྱོང་ལོ་16ཙམ་བྱས་པའི་ཨར་འདམ་བཟོ་གྲྭ་དེ་ནི་ཀུང་སིའི་སྐབས་དེའི་བྱ་གཞག་གསར་གཏོད་ཀྱི་རྨང་གཞི་ཡིན་ལ་ཡོན་ཏ་ཀུང་སིའི་ལོ་མང་རིང་གི་ཀ་རྟེན་ཐོན་ལས་ཀྱང་རེད། ཨར་འདམ་བཟོ་གྲྭ་བཤིག་རྗེས་ལས་བཟོ་ལས་བསྒྱུར་ཁག་བགོས་ཐད་སྔར་ན་བྱུང་མྱོང་མེད་པའི་གནོན་ཤུགས་ཆེན་པོ་འཕྲད་ཡོད། 

    (པར་ངོས་བཞི་པར་གཟིགས)

    (པར་ངོས་དང་པོར་མཐུད) ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་ལ་རྒྱབ་སྐྱོར་བྱ་ཆེད་ཀུང་སིས་བླང་བྱ་གཞིར་བཟུང་ཨར་འདམ་བཟོ་གྲྭ་བཤིག་པ་རེད། བློ་བཟང་སྦྱིན་པས“རང་ཉིད་ནི་ཏང་གིས་གསོ་སྐྱོང་བྱས་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ཏང་དང་སྲིད་གཞུང་གི་ཐབས་ཇུས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། མ་གཞི་གྱོང་གུན་ཆེན་པོ་ཕོག་པ་དང་ཡོང་འབབ་ཀྱང་ཇེ་ཉུང་དུ་སོང་ཡང་། ངས་ངེས་པར་དུ་ལས་བཟོ་ལས་བསྒྱུར་ཁག་བགོས་དང་བཀོད་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་ལས་ཁོང་ཚོར་གྱོང་བཏང་ན་ཁྱོན་ནས་མི་འགྲིག”ཅེས་བརྗོད། ཀུང་སིས་ཐབས་བརྒྱ་ཇུས་སྟོང་ངང་མ་དངུལ་གྲབས་གསོག་བྱས་ནས་ལས་བསྒྱུར་ཁག་བགོས་མ་ཐུབ་པའི་ལས་བཟོ་རྒན་གྲས་ལ་བཀོད་སྒྲིག་གྲོན་དངུལ་སྤྲད་པར་ཁྱོན་མ་དངུལ་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད་པ་རེད། 

    བློ་བཟང་སྦྱིན་པས་སློབ་གསོའི་བྱ་གཞག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་དང་ཀུང་སིའི་མ་རྐང་འཇོག་མཁན་གྱིས་སྔ་རྗེས་སུ་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་གྲམ་གྲོང་ཚོའི་སློབ་ཆུང་ལ་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་ནས་སློབ་གྲྭ་དེའི་སློབ་མར་དཔེ་ཁུག་དང་། ཡིག་ཆས། གྱོན་ཆས་སོགས་སྤྲད་ཡོད། 

    ལོ་དེ་དག་རིང་གི་ཀུང་སིའི་འཕེལ་རྒྱས་སྐོར་གླེང་སྐབས། ལོ་ན་66ལ་སོན་པའི་བློ་བཟང་སྦྱིན་པས“ང་མི་སྒེར་གྱིས་ལོ་50ལྷག་ཙམ་རིང་འབད་འཐབ་ལྷོད་མེད་བྱས་པའི་ལོ་ཟླ་དེ་དག་བོད་གསར་པའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཆ་ཤས་ཤིག་རེད། ཀུང་སི་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་དེ་ཏང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་པས། དེ་ནི་བོད་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བའི་དཔང་པོ་ཡག་ཤོས་རེད”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།