རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་རིགས་རྩལ་ནུས་ཆུ་ཚད་སྔར་བས་མཐོ་རུ་དང་ལས་ཞུགས་ནུས་པ་ཆེ་རུ་བཏང་སྟེ་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཉེ་ཆར། ཟངས་རི་རྫོང་གིས་ཞིང་འབྲོག་མ་བྱན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་རྫོང་འདི་གའི་ཤང་གྲོང་ཁག་གི་ཞིང་འབྲོག་མང་ཚོགས་ཁྱོན་77ཞུགས་ཡོད་ཅིང་། གསོ་སྦྱོང་འཛིན་གྲྭར་ཞིང་འབྲོག་པའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ལྷོ་ཁ་གྲོང་ཁྱེར་ཤིས་ཧའེ་ལས་རིགས་ལག་རྩལ་སློབ་གྲྭའི་མ་བྱན་ཆེ་མོ་བ་གདན་དྲངས་ནས་སློབ་ཁྲིད་བྱས་པ་མ་ཟད་བོད་ཟས་བཟོ་སྟངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་བཀོལ་སྤྱོད་རྩལ་ནུས་ཆ་ཚང་བའི་སྒོ་ནས་སློབ་ཁྲིད་བྱས་པ་རེད། དེའི་དམིཌ་ཡུལ་ནི་ལས་གཏོད་ཀྱི་རེ་བ་ཡོད་པ་དང་ལས་གཏོད་ཆ་རྐྱེན་ངེས་ཅན་ལྡན་པའི་ཞིང་འབྲོག་པར་སྦྱངས་པ་གོ་ཆོད་ཡོང་རྒྱུར་ཁྲིད་སྟོན་དང་། ལས་གཏོད་ཀྱི་འདུ་ཤེས་བརྟན་པོར་འཛུཌ་པ། ལས་གཏོད་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ལས་གཏོད་ལེཌ་གྲུབ་ཐུབ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལས་གཏོད་ལ་བརྟེན་ནས་ལས་ཞུཌ་ལ་སྐུལ་འདེད་བཏང་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་རེད།